དབུ་ཤོག>གསར་འགྱུར།
  • དུས་ཚིགས་དང་པོའི་རིང་བོད་ལྗོངས་སུ“སྦྱིན་བདག”ཆིག་ཁྲི་ལྷག་ཙམ་འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-05-15

    གསར་འགོད་པར་ཉིན་ཤས་གོང་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ནས་ཤེས་རྟོགས་བྱུང་གསལ། འདི་ལོའི་དུས་ཚིགས་དང་པོའི་རིང་རང་ལྗོངས་ཀྱི་གསར་དུ་ཐོ་འགོད་བྱས་པའི་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཁྱོན་9892ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་11.98%འཕར་ནས་ཆ་སྙོམས་ཉིན་རེར་ཚོང་དུད་108རེ་གསར་དུ་འཕར་བ་དང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་385.64ཟིན་པ་དེ་དུས་མཚུངས་ལས་148.42%འཕར་ཡོད་པ་རེད།

    མིག་སྔར་རང་ལྗོངས་ཀྱི་ཁྲོམ་རའི་བྱེད་པོའི་བསྡོམས་འབོར་ཚོང་དུད་ཁྲི་16.2ཟིན་ནས་ན་ནིང་གི་དུས་མཚུངས་ལས་37.49%འཕར་ཡོད་པ་དང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་4711.86ཟིན་ནས་དུས་མཚུངས་ལས་60.02%འཕར་ཡོད་ཅེས་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།