གཅིག སྒོ་ང་ངོ་མའི་ཕྱི་ལྤགས་རྩུབ་པོ་ཡོད། སྒོ་ང་ནི་སྐྱེ་ལྡན་དངོས་གཟུགས་ཤིག་ཡིན་པས། དབུགས་རྔུབ་དགོས་སྟབས་སྒོ་ངའི་ཕྱི་ལྤགས་ཐོག་ཕྲ་ཁུང་མང་པོ་ཡོད་པ་དང་ལག་པས་རེག་དུས་རྩུབ་པོ་ཡོད། སྒོ་ང་རྫུས་མ་ནི་འཕྲུལ་ཆས་ལ་བརྟེན་ནས་བཟོས་པ་ཞིག་ཡིན་པས་ལག་པས་རེག་དུས་ཧ་ཅང་འཇམ་པ་དང་ཕྱི་ལྤགས་ཐོག་ཕྲ་ཁུང་མཐོང་རྒྱུ་མེད། གཞན་ཡང་སྐྱེ་དངོས་དངོས་གཟུགས་ཤིག་ཡིན་ཕྱིན་དེའི་ནང་སྤྱིན་བརྒྱུད་སྤྲི་དཀར་འདུས་ཡོད་པས་སྒོ་ངའི་སེར་རིལ་སྦར་བཙིར་གཏོང་སྐབས་ལག་པར་ཏོག་ཙམ་འཇར་གྱི་ཡོད་པ་རྒྱུན་གཏན་ཞིག་རེད”ཅེས་རིགས་གཅིག་མཁས་ཅན་གྱིས་བཤད།
གཉིས། སྒོ་ང་ངོ་མ་བཙོས་རྗེས་སྒོ་ངའི་སྤྲི་དཀར་གྱི་ཕྱི་ངོས་སུ་ལྷེབ་ལྤགས་དཀར་པོ་ཞིག་འཁྲིགས་ཀྱི་ཡོད། “སྒོ་ང་ངོ་མ་བཙོས་རྗེས་སྒོ་ངའི་སྤྲི་དཀར་དང་སྒོ་ངའི་སེར་རིལ་གྱི་བང་རིམ་ཧ་ཅང་གསལ་པོ་ཡོད། གལ་ཏེ་སྒོ་ང་རྫུས་མ་ནི་མི་ཐབས་ལ་བརྟེན་ནས་བཟོས་པ་ཞིག་ཡིན་པས་སྒོ་ངའི་སྤྲི་དཀར་དང་སྒོ་ངའི་སེར་རིལ་གྱི་བང་རིམ་མངོན་གསལ་དོད་པོ་དེ་ཙམ་མེད། བཙོས་ཟིན་པའི་སྒོ་ངའི་པགས་པ་བཤུས་རྗེས་སྒོ་ངའི་སྤྲི་དཀར་གྱི་ཕྱི་ངོས་སུ་ལྷེབ་ལྤགས་དཀར་པོ་ཞིག་མཐོང་རྒྱུ་ཡོད། མི་ཐབས་ལ་བརྟེན་ནས་བཟོས་པའི་སྒོ་ངའི་སྤྲི་དཀར་གྱི་ཕྱི་ངོས་སུ་ལྷེབ་ལྤགས་དཀར་པོ་མཐོང་རྒྱུ་མེད”ཅེས་རིགས་གཅིག་མཁས་ཅན་གྱིས་བཤད།
གསུམ། སྒོ་ང་རྫུས་མས་སྒོང་སྤྲིས་སྣུམ་སྲེག་ཡག་པོ་ཞིག་བཟོ་ཁག་པོ་ཡོད། “སྒོ་ང་རྫུས་མ་ནི་མི་ཐབས་ལ་བརྟེན་ནས་བཟོས་པ་ཞིག་ཡིན་པས་སྒོ་ངའི་སྤྲི་དཀར་དང་སྒོ་ངའི་སེར་རིལ་གྱི་བང་རིམ་གསལ་པོ་མེད། གལ་ཏེ་སྒོ་ང་རྫུས་མ་སྤྱད་ནས་སྒོང་སྤྲིས་སྣུམ་སྲེག་བཟོས་ཚེ་སྣུམ་སྲེག་ཡག་པོ་ཞིག་ཆགས་ཁག་པོ་ཡོད་པ་དང་སྒོ་ངའི་སྤྲི་དཀར་དང་སྒོ་ངའི་སེར་རིལ་མཉམ་དུ་འདྲེས་ཁག་པོ་ཡོད”ཅེས་རིགས་གཅིག་མཁས་ཅན་གྱིས་བཤད།