དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-05-10

    གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་ཆར་ཆུ་འབབ་མང་བ།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་5ཚེས་9ཉིན་ནས་ཟླ་5ཚེས་15ཉིན་བར)

    གཟའ་མིག་དམར་དང་གཟའ་ལྷག་པར་གཞིས་རྩེའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ(གངས)འབབ་རྒྱུ། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། ནག་ཆུ། ཆབ་མདོ་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ལ་ཐོལ་ཆར(གངས)འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་བཅས་རེད། གཟའ་ཕུར་བུ་དང་གཟའ་པ་སངས་ལ་ཉིང་ཁྲི་དང་། གཞིས་རྩེའི་ལྷོ་རྒྱུད། ནག་ཆུའི་ཤར་རྒྱུད། ཆབ་མདོ་བཅས་སུ་ཆར་པ་ཆུང་བ(གངས)འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ཡར་ཀླུང་གཙང་པོའི་ལུང་གཞུང་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར(གངས)འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་སྤེན་པ་དང་ཉི་མར་ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར(གངས)འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ཆབ་མདོ་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་ཆར་པ་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་བཅས་རེད།

    གཟའ་འཁོར་འདིའི་ཆ་སྙོམས་ཆར་ཆུ་འབབ་ཚད། ཉིང་ཁྲི་དང་ཆབ་མདོ་རྒྱུན་གཏན་ཡིན་པ་དང་ས་ཁུལ་གཞན་དག་རྒྱུན་གཏན་ལས་ཉུང་ཙམ་ཡོད།

    གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད། ནག་ཆུའི་ཤར་རྒྱུད་དང་ཆབ་མདོ་རྒྱུན་གཏན་ལས་དམའ་བ་ཡོད་པ་དང་ས་ཁུལ་གཞན་དག་ཙུང་མཐོ་ཙམ་ཡོད།

    གཉིས། གྲོས་འགོ

    1. གཟའ་འཁོར་འདིའི་ནང་ཆར་ཆུ་འབབ་མང་བས་ཆར་པ་འབབ་ནས་ཐོན་པའི་ཤྭ་འོད་དང་། རི་ཉིལ་བ་། འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེ་ཐོན་རྒྱུར་དོ་སྣང་བྱེད་དགོས།

    2.ཞིང་ཁུལ་གཙོ་བོར་ཆུ་མཁོ་ཆེ་བའི་དུས་སུ་སླེབས་པས་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་བྱས་ཏེ་ཞིང་ཆུ་འདྲེན་པ་དང་ལུད་རྒྱག་པ་སོགས་ཀྱི་ཞིང་ནང་གཡོག་བྱེད་ལས་དོན་ཁག་ཡག་པོ་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།