དབུ་ཤོག>གསར་འགྱུར།
  • ཐེན་ཅིན་གྱིས་རིག་གནས་བོད་སྐྱོར་ལ་བརྟེན་ནས་ཁམས་པའི་རིག་གནས་འཕེལ་རྒྱས་གཏོང་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-05-06

     ཐེན་ཅིན་གྲོང་ཁྱེར་གྱིས། ཉེ་བའི་ལོ་ཤས་རིང་རིག་གནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། རིག་གནས་སྒྲིག་བཀོད་རོགས་སྐྲུན། རིག་གནས་སྤེལ་རེས་བཅས་ཀྱི་གསར་གཏོད་རྣམ་པའི་ཐེན་ཅིན་གྱི་རིག་གནས་བོད་སྐྱོར་བྱེད་སྟངས་དེས་གནའ་བོའི་ཁམས་པའི་རིག་གནས་དེང་རབས་ཕྱོགས་སུ་འཕེལ་རྒྱས་གཏོང་བར་གཤོག་ཟུང་བསྒར་ཡོད།

    ཐེན་ཅིན་གྲོང་ཁྱེར་གྱིས་ལོ་མང་རིང་རིག་གནས་ཤེས་ལྡན་མི་སྣ་ཐེན་ཅིན་གྲོང་ཁྱེར་དུ་གསོ་སྦྱོང་བྱེད་པའི་འཆར་གཞི་ལག་བསྟར་བྱས་ཏེ། ཐེན་ཅིན་སྒྱུ་རྩལ་ལས་རིགས་སློབ་གླིང་གིས་ཆབ་མདོའི་སྒྱུ་རྩལ་ལས་རིགས་ཀྱི་མཐོ་རིམ་ལས་རིགས་སློབ་མ་60གནས་གཏན་འཁེལ་གྱིས་གསོ་སྐྱོང་བྱས་ནས་ཆབ་མདོར་བྱང་ཚད་མཐོ་བའི་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་་པ་དང་། ཐེན་ཅིན་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྲུན་བྱས་པའི་ཁ་རུབ་ཆུས་དང་། འཇོ་མདའ་རྫོང་། སྟེང་ཆེན་རྫོང་བཅས་སུ་ཐེན་ཅིན་དཔེ་མཛོད་ཁང་དང་ཐེན་ཅིན་གྲོང་ཁྱེར་བྱིས་པའི་དཔེ་དེབ་ཁང་གི་ཡན་ལག་ཁང་བསྐྲུན་པ་དང་། རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔེ་དེབ་ཉོ་སྒྲུབ་བྱས་པ། ཆབ་མདོ་གྲོང་ཁྱེར་གྱི་རྫོང་ཁག་ཏུ་དཔེ་དེབ་ཁང་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་གསབ་པ། ས་གནས་དེ་གའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་བཅས་བྱས་ནས་རིག་གནས་སྒྲིག་བཀོད་རོགས་སྐྲུན་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ལ་ཕན་པ་བསྐྲུན་པ། སྤེལ་རེས་འབྲེལ་ཟམ་གཏོད་དེ་ཐེན་ཅིན་གྲོང་ཁྱེར་མེ་ཅང་ཚོགས་འགྲེམས་ལྟེ་གནས་སུ་ཐུན་མིན་གྱི་ཁམས་པའི་རྒྱན་གོས་དང་རིག་གནས་འགྲེམས་དངོས་འགྲེམས་སྟོན་བྱས་ཏེ་ཐེན་ཅིན་དང་ནང་སས་ཁམས་པའི་རིག་གནས་ལ་ཤེས་རྟོགས་ཐུབ་ཚད་སྔར་བས་ཆེ་རུ་བཏང་བ་དང་དུས་མཚུངས། “སྦྲང་ཆར་ཟིལ་མའི་འདུ་འགོད”ལག་བསྟར་བྱས་ཏེ་ཐེན་ཅིན་གྲོང་ཁྱེར་གྱི་རིག་གནས་དང་བླངས་པ་ཆབ་མདོར་བསྐྱོད་དེ་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ལ་སྒྱུ་རྩལ་བརྩམས་ཆོས་རྩེར་གྲ་འཁྲབ་སྟོན་བྱས་ནས་ཐེན་ཅིན་དང་ཆབ་མདོ་་གཉིས་ཀྱི་རིག་གནས་མཉམ་ལས་བྱེད་ཤུགས་སྔར་བས་ཟབ་ཏུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།