རྒྱུན་གཏན་འཚོ་བའི་ནང་འགྱིག་ཤོག་གི་ཁུག་མས་ང་ཚོར་སྟབས་བདེ་ཧ་ཅང་མང་པོ་སྤྲོད་ཀྱི་ཡོད་ནའང་། ཁུག་མ་དེ་རིགས་བེད་སྤྱོད་བཏང་ཚར་རྗེས་ཇི་ལྟར་བྱས་ནས་མེད་པ་བཟོ་དགོས་མིན་ཐད་ང་ཚོས་མནོ་བསམ་དང་ངོས་འཛིན་བྱེད་དགོས་པ་སྟེ།
གཅིག ཞིང་ལས་ཐོན་སྐྱེད་ལ་གནོད་འཚེ་བཟོ་བ།
འགྱིག་ཤོག་རྙིང་པ་ས་ཞིང་ནང་གཡུགས་ནས་ཕུང་གསོག་ཡུན་རིང་ཐེབས་ན་ཞིང་ནང་གི་སྐྱེས་དངོས་ལ་ལུད་དང་ཆུ་འཐེན་རྒྱུར་འགོག་རྐྱེན་བཟོས་ནས་ཞིང་ནང་སྐྱེ་དངོས་ཀྱི་ཐོན་འབབ་ཆག་འགྲོ་བ།
གཉིས་པ། སྲོག་ཆགས་འཚོ་གནས་བྱེད་པར་འགོག་རྐྱེན་བཟོ་བ།
འགྱིག་ཤོག་ནང་ཟས་ལྷག་བླུགས་ཏེ་གང་བྱུང་གཡུགས་ན་སྲོག་ཆགས་ཀྱིས་ཟས་རིགས་དང་མཉམ་དུ་བཟས་ཏེ་སྲོག་ཆགས་ཀྱི་ཕོ་བའི་ནང་མི་འཇུ་བར་ཕོ་བ་ཁེངས་ཏེ་རྒྱུན་གཏན་གྱི་ཟས་རིགས་བཟའ་མི་ཐུབ་པར་ལུས་ནས་མཐའ་མཇུག་ཏུ་འཆི་འགྲོ་ཡི་ཡོད་པས་སྣང་ཚུལ་དེ་རིགས་སྲོག་ཆགས་གླིང་དང་། རྒྱ་མཚོའི་ནང་། འབྲོག་ཁུལ། ཞིང་གྲོང་ལ་སོགས་པར་རྒྱུན་དུ་མཐོང་རྒྱུ་ཡོད་པ་ཞིག་ཡིན།
གསུམ་པ། གད་སྙིགས་སྦས་སའི་ས་ཆ་མང་པོ་བཟུང་སྟེ་ས་ཆ་དེ་རིགས་སླར་ཡང་བེད་སྤྱོད་རྒྱུར་འགོག་རྐྱེན་བཟོ་བ།
འགྱིག་ཤོག་སྤྱད་རྗེས་གད་སྙིགས་དང་མཉམ་དུ་ས་འོག་ཏུ་སྦས་ན་གད་སྙིགས་སྦས་སའི་ས་ཆ་མང་པོ་བཟུང་ནས་ལོ་200ལྷག་ཙམ་སོང་མཚམས་སུ་གཞི་ནས་རུལ་འགྲོ་བས་ས་ཆ་དེ་རིགས་སླར་ཡང་བདེ་སྤྱོད་བྱ་རྒྱུར་འགོག་རྐྱེན་བཟོ་གི་ཡོད། གཞན་ཡང་ང་ཚོས་རྒྱུན་དུ་བེད་སྤྱོད་བྱེད་པའི་སྤྱོད་ཐེངས་གཅིག་གི་འགྱིག་ཕོར་དེ་རིགས་དྲོད་ཚད་ཧྲེ་ཧྲི་ཏུའུ་65ཙམ་ལ་སླེབས་སྐབས་འགྱིག་ཕོར་ནང་གི་གནོད་ལྡན་དངོས་པོ་ཟ་རིགས་དང་མཉམ་དུ་འདྲེས་ནས་མིའི་ཁོག་པའི་ནང་ཕྱིན་ཏེ་མཆིན་པ་དང་། མཁལ་མ། དབང་རྩ་ལྟེ་བ་སོགས་ལ་གནོད་འཚེ་གཏོང་གི་ཡོད་པར་བརྟེན་ང་ཚོས་རྒྱུན་གཏན་ནས་འགྱིག་ཤོག་གིས་མི་དང་། ཁོར་ཡུག སྲོག་ཆགས་བཅས་ལ་བཟོས་པའི་གནོད་འཚེར་ཧོལ་རྒྱུག་གཏོང་མི་རུང་།