ཉིན་ཤས་རིང་བོད་དུ་བཅའ་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་པས་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་ལ་དམིགས་ནས་གསར་འགྱུར་རྩོམ་ཡིག་མང་དག་སྤེལ་ཡོད་པ་དང་དེའི་ནང་ཀོང་ཏུང་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ཝང་ཅན་ཝུན་གྱི་བོད་སྐྱོར་བྱས་རྗེས་སྐོར་གཙོ་གནད་ཐོག་གཏོང་སྤེལ་བྱས་པར་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད་པ་རེད།
མི་དམངས་ཉིན་རེའི་ཚགས་པར་བོད་ཡན་ལག་ཁང་གིས་གསར་འགྱུར་རྩོམ་ཡིག་ཁག་ལྔ་གཏོང་སྤེལ་བྱས་པ་དང་། དེའི་ནང《ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་གསར་འགྱུར་གླེང་སྟེགས་ཀྱིས“བོད་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བར”དོ་ཁུར་བྱེད》ཅེས་པ་དང་“དམག་མིའི་ཉམས་འགྱུར། ལྷད་མེད་བརྩེ་སེམས། ཀོང་ཏུང་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ཝང་ཅན་ཝུན་གྱི་སྐོར་བཀོད་པ”ཞེས་པ་སོགས་ཀྱི་གསར་འགྱུར་རྩོམ་ཡིག་གཙོ་གནད་ཐོག་གཏོང་སྤེལ་བྱས་ཡོད་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་བོད་ཡན་ལག་ཁང་གིས་གསར་འགྱུར་རྩོམ་ཡིག་སྣ་ཚོགས་179བྲིས་ཏེ་གཏོང་སྤེལ་བྱས་པ་དང་། དེའི་ནང་པར་རིས་152དང་། གསར་འགྱུར་རྩོམ་ཡིག་20 སྐད་ལམ་དང་བརྙན་ལམ་རྩོམ་ཡིག་7 ཆ་འཕྲིན་1བཅས་ཡོད་པ་དང་། 《བོད་ཀྱིས་གྲངས་འཛིན་རིག་གནས་ཁང་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ》ཞེས་པ་དང་《བོད་ཀྱིས་རེས་སྐོར་གསར་པའི་ཞིང་གློག་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་ནས་མི་ཁྲི་162ལ་ཕན་པ་ཐོབ་པ》ཞེས་པ་སོགས་ཀྱི་གསར་འགྱུར་རྩོམ་ཡིག་གཙོ་གནད་ཐོག་གཏོང་སྤེལ་བྱས་ཡོད་པ་རེད།
འོད་ཟེར་ཚགས་པར་བོད་ལྗོངས་གསར་འགོད་པའི་ས་ཚིགས་ཀྱིས་གསར་འགྱུར་རྩོམ་ཡིག་3བྲིས་ནས་གཏོང་སྤེལ་བྱས་པ་དང་། 《བོད་ཡུལ་རང་གི་ཕ་ཡུལ་དུ་བརྩི་བ། ཧྲེན་ཀྲེན་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་བོད་ལྗོངས་རྫ་ཡུལ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝང་ཅན་ཝུན་གྱི་སྐོར་བཀོད་པ》《གངས་ལྗོངས་ས་མཐོས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས》ཞེས་པ་སོགས་ཀྱི་གསར་འགྱུར་རྩོམ་ཡིག་གཙོ་གནད་ཐོག་གཏོང་སྤེལ་བྱས་ཡོད་པ་རེད།
དཔལ་འབྱོར་ཉིན་རེའི་ཚགས་པར་བོད་ལྗོངས་གསར་འགོད་པའི་ས་ཚིགས་ཀྱིས་གསར་འགྱུར་རྩོམ་ཡིག་7བྲིས་ནས་གཏོང་སྤེལ་བྱས་པ་དང་། དེའི་ནང་གསར་འགྱུར་རྩོམ་ཡིག་ཁག་4དང་པར་རིས་གསུམ་ཡོད་པ་དང་《ཧྲེན་ཀྲེན་ནས་ཡོང་བའི“རྫ་ཡུལ་བ”》ཞེས་པ་དང་《དཔྱིད་ཀ་ཤར་བས་ཉིང་ཁྲིར་ཁམ་བུའི་མེ་ཏོག་རབ་ཏུ་བཞད》ཅེས་པ་སོགས་ཀྱི་གསར་འགྱུར་རྩོམ་ཡིག་གཙོ་གནད་ཐོག་གཏོང་སྤེལ་བྱས་ཡོད་པ་རེད།