དབུ་ཤོག>གསར་འགྱུར།
  • ཁྲོན་བོད་གཞུང་ལམ“ཐང་སྨད་འགག་འཕྲང”འདི་ཉིད་ལོ་རྒྱུས་སུ་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2016-04-16

    8888.jpg

    འདི་ནི་བསྐྲུན་ཟིན་པའི་འཕྲེད་ལུང་རོང་ཟམ་ཆེན་ཐོག་རླངས་འཁོར་གཏོང་བཞིན་པའི་གནས་ཚུལ་ཡིན་པ།

    “ཕུག་ལམ་ལྔ་དང་ཟམ་པ་གཉིས”གཙོ་བོར་བྱས་པའི་ཁྲོན་བོད་གཞུང་ལམ་ཐང་སྨད་དུམ་བུའི་བཅོས་སྒྲིག་དང་བསྐྱར་སྐྲུན་ལས་གྲྭ་ལེགས་གྲུབ་ཟིན་ནས་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་དང་། ཁྲོན་བོད་གཞུང་ལམ“ཐང་སྨད་འགག་འཕྲང”འདི་ཉིད་ལོ་རྒྱུས་སུ་གྱུར་པ་རེད།

    ཟླ་4ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཙམ་དུ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཁྲོན་བོད་གཞུང་ལམ་ཐང་སྨད་དུམ་བུའི་བཅོས་སྒྲིག་དང་བསྐྱར་སྐྲུན་ལས་གྲྭ་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་ནས་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་ཁྱབ་བསྒྲགས་གནང་བ་དེ་ཐོག་ནས་རྒྱལ་ལམ་318ཁྲོན་བོད་གཞུང་ལམ་བོད་ལྗོངས་ས་མཚམས་ནང་གི་ལམ་དུམ་བུ་སྣུམ་ནག་ལམ་དུ་འགྱུར་རྒྱུ་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་དང་། ཁྲོན་བོད་གཞུང་ལམ་བོད་ལྗོངས་ས་མཚམས་ནང་གི་སྐད་གྲགས་ཆོད་པའི་ཐང་སྨད“འགག་འཕྲང”དེ་ལོ་རྒྱུས་སུ་གྱུར་པ་མཚོན་པ་རེད།

    ཁྲོན་བོད་གཞུང་ལམ་ཐང་སྨད་དུམ་བུ་འདི་ཉིད“འཛམ་གླིང་གི་འདམ་རྡོའི་ཆུ་རུད་ཚོགས་ཆེན་པོ་གཉིས་པར”གནས་པ་དང་། འདམ་རྡོའི་ཆུ་རུད་དང་རི་ཉིལ་བ་སོགས་ས་གཤིས་གནོད་འཚེ་ཐོན་ཧ་ཅང་སླ་པོ་ཡོད་སྟབས“འགག་འཕྲང”ཞེས་འབོད་སྲོལ་ཡོད། ས་གཤིས་གནོད་འཚེ་ཡང་ཡང་ཕོག་རྐྱེན་ཁྲོན་བོད་གཞུང་ལམ་ཐང་སྨད་དུམ་བུའི་ལམ་རྒྱུད་ཀྱི་འགྲིམ་འགྲུལ་རྟག་ཏུ་འགག་ནས་ཁྲོན་བོད་བགྲོད་ལམ་ཆེན་པོར་རྒྱུན་གཏན་ངང་རླངས་འཁོར་ཤར་གཏོང་ཐུབ་པར་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། འགྲོ་འོང་བྱེད་མཁན་འཁོར་རིགས་དང་དེ་བཞིན་མི་ལུས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད།

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་རྒྱལ་ཁབ་ཀྱི་པུའུ་ཨུད་ཀྱི་རོགས་སྐྱོར་ཤུགས་ཆེན་འོག་ཐང་སྨད་དུམ་བུ་བཅོས་སྒྲིག་དང་བསྐྱར་སྐྲུན་ལས་གྲྭ་དེ་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”གཙོ་གནད་རྣམ་གྲངས་གྲས་སུ་བཅུག་པ་དང་མ་འཇོག་བསྡོམས་སྒོར་དུང་ཕྱུར་15ཙམ་ཟིན་ཡོད།

    འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་། གནམ་གཤིས་འགྱུར་ལྡོག་ཆེ་བ། ཨར་ལས་དཀའ་ཚད་ཆེ་བ་སོགས་དམིགས་བསལ་གྱི་དཀའ་ངལ་ཁྱད་བསད་ཧུར་ཐག་བྱས་པ་དང་། ལག་རྩལ་ཐད་ཀྱི་དཀའ་གནད་མང་དག་ཅིག་འགག་སྒྲོལ་བྱས་པས་དེ་རིང་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་ཡོད།

    བློ་བཟང་རྒྱལ་མཚན་གྱིས་ལོ་གསུམ་ལྷག་ཙམ་རིང་དཀའ་སྤྱད་འབད་བརྩོན་དང་སྒྲིག་འཛུགས་ཞིབ་ཚགས་དང་སྐུལ་འདེད་བཏང་བ་བརྒྱུད“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་འཛུགས་ལོར་ཁྲོན་བོད་གཞུང་ལམ་ཐང་སྨད་དུམ་བུ་བཅོས་སྒྲིག་དང་བསྐྱར་སྐྲུན་ལས་གྲྭ་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་ཏེ་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ་དེ་ཁྲོན་བོད་གཞུང་ལམ་བཅོས་སྒྲིག་གི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་ཡིན་པས་གཞུང་ལམ་གྱི་འགྲིམ་འགྲུལ་ལག་རྩལ་རིམ་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། ས་གཤིས་གནོད་འཚེས་ཁྲོན་བོད་གཞུང་ལམ་ལ་ཤུགས་རྐྱེན་ཐེབས་ཤུགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཆུང་དུ་སོང་བས་ཁྲོན་བོད་གཞུང་ལམ་བོད་ལྗོངས་དུམ་བུའི་འཇུར་མིག་ཚོད་འཛིན་ནུས་ལྡན་ངང་སེལ་ཐུབ་ངེས་ཡིན་ལ། ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་བཅས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད་ཅེས་གསུངས་པ་རེད།

    ཁྲོན་བོད་གཞུང་ལམ་ཐང་སྨད་དུམ་བུ་བཅོས་སྒྲིག་དང་བསྐྱར་སྐྲུན་ལས་གྲྭ་དེ་102ཉིལ་ངོས་ཁུལ་བཅོས་སྒྲིག་དང་བསྐྱར་སྐྲུན་ལས་གྲྭ ཐང་སྨད་ནས་ཏའོ་པན་105བར་གྱི་བཅོས་སྒྲིག་དང་བསྐྱར་སྐྲུན་ལས་གྲྭར་དབྱེ་ནས་དུམ་བུ་ཡོངས་ལ་སྤྱི་ལེ་24ཙམ་ཡོད་པ་རེད། 102ཕུག་ལམ་དང་། འཕུར་རྡོའི་ཕུག་ལམ། སྟག་མོ་ཕུག་ལམ། འཕྲེད་ལུང་ཕུག་ལམ་ཨང་དང་པོ། འཕྲེད་ལུང་ཕུག་ལམ་ཨང་གཉིས་པ་བཅས་དང་། ཐང་སྨད་ཟམ་ཆེན་དང་འཕྲེད་ལུང་ཟམ་ཆེན་བཅས“ཕུག་ལམ་ལྔ་དང་ཟམ་ཆེན་གཉིས”རི་བརྒལ་ཆུ་བཅད་ཀྱིས་དེ་སྔའི་ཉེན་ཆེའི་ལམ་དུམ་བུ་དེ་ཁྲོན་བོད་གཞུང་ལམ་གྱི་ས་རྟགས་རང་བཞིན་གྱི་མཛེས་ལྗོངས་སུ་གྱུར་པ་དང་། དེ་བརྒྱུད་པར་དེ་སྔ་ཆུ་ཚོད་2ལྷག་ཙམ་འགོར་བ་ནས་ད་ཆ་སྐར་མ་20བར་ཐུང་དུ་སོང་སྟེ་དེ་བས་སྟབས་བདེ་དང་བདེ་འཇགས་ལྡན་པ་ཞིག་ཡོད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།