ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། རྣམ་རྒྱལ་གླིང་གྲོང་ཚོ་དེ་ལྷ་ས་གུང་དཀར་གནམ་ཐང་ཉེ་འགྲམ་གྱི་ཡར་རླུང་གཙང་པོའི་ལྷོ་ངོགས་ལ་གནས་ཡོད་པ་དང་། ལྷ་སའི་གནམ་ཐང་གི་ཁུལ་གསར་རྒྱ་ཕྲུག་གླིང་གྲོང་བརྡལ་ཀྱི་ཁོངས་སུ་གཏོགས་ཡོད། དེ་ཁར་ཐེམ་དུད་༣༢༥དང་མི་༨༦༠ཡོད་ཅིང་བོད་རིགས་ཀྱིས་གཙོ་བོ་བྱས་པའི་གྲོང་ཚོ་འདིར་བོད་རིགས་དང་རྒྱ་རིག་གཉེན་སྒྲིག་བྱས་པའི་དུད་ཁྱིམ་༢༤ཡོད་པ་དང་། ལོ་མང་རིང་གྲོང་མི་ཁྱི་མཚེས་ཕན་ཚུན་འཆམ་པ། ཐོན་སྐྱེས་གོང་འཕེལ། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་འགྲིལ་ཡིན་པས། ཀུན་གྱིས་གདེང་འཇོག་བྱེད་ཀྱི་ཡོད། མཐུན་འགྲིལ་ཡོང་ཚེ་་བྱ་གཞག་ཀུན་དར་ཐུབ་སྟེ། ན་ནིང་རྣམ་རྒྱལ་གླིང་གྲོང་ཚོའི་མི་རེའི་ཡོང་འབབ་གཙང་མ་སྒོར་༡ཁྲི་སྟོང་མེད་༨༠༠ཟིན་པ་དང་། མང་ཚོགས་ཀྱི་འཚོ་བ་ཡག་ཏུ་འགྲོ་བཞིན་ཡོད། རྒྱ་ཕྲུག་གླིང་གྲོང་བརྡལ་གྱི་འགོ་འཛིན་གཞོན་པ་ཕུར་བུ་བཀྲ་ཤིས་ཀྱིས་གསར་བཀོད་པར། རྣམ་རྒྱལ་གླིང་གྲོང་ཚོ་གནམ་ཐང་དང་བར་ཐག་ཅུང་ཉེ་བས། ས་ཕྱོགས་གང་ས་ནས་ཡོང་བའི་མི་རིགས་ཁག་གི་མང་ཚོགས་དེ་ཁར་ལས་མི་བྱེད་པ་དང་། བྱ་གཞག་གསར་གཏོད་བྱེད་ཀྱི་ཡོད་པས། སྤེལ་རེས་འགྲོ་འོང་གཏིང་གཟབ་བྱས་སྟབས་མི་རིགས་མཐུན་འགྲིལ་གྱི་ཕན་ཁེ་ལོངས་སྤྱོད་གང་ལེགས་ཐུབ་ཡོད་ཅེས་གསུངས་ཡོད་པ་རེད།