![261481_yis_1457930374918.jpg 261481_yis_1457930374918.jpg](https://tb.xzxw.com/pic/2016-03/15/W020160315372234079291.jpg)
ཉེ་ཆར། དྲག་ཆས་ཉེན་རྟོག་ཉིང་ཁྲི་མཐའ་སྲུང་ཉིང་ལག་རུ་ཁག་ཨོ་རོང་མཐའ་སྲུང་མངགས་གཏོང་ཁང་གིས་དཔོན་དམག་སྒྲིག་འཛུགས་བྱས་ཏེ་མངའ་ཁོངས་ཁུལ་གྱི་རྒན་གསོ་ཁང་དུ་བསྐྱོད་ནས“ལེ་ཧྥུང་ལ་སློབ་སྦྱོང་བྱེད། རྒན་རྒོན་ལ་དྲོ་སྐྱིད་སྦྱིན”ཞེས་པའི་བྱེད་སྒོ་སྤེལ་བ་རེད། མངགས་གཏོང་ཁང་གི་དཔོན་དམག་གིས་རྒན་རྒོན་ལ་འཚམས་འདྲིའི་ཅ་དངོས་དང་དངུལ་སྤྲད་པ་མ་ཟད། རྒན་རྒོན་ཚོ་དང་སྙིང་ཉེ་བའི་ཅི་འཕྲོས་མོལ་འཕྲོས་བྱས་ནས་རྒན་རྒོན་གྱི་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་། རང་ནུས་གང་ཡོད་ཀྱིས་ཁོང་ཚོའི་འཚོ་བའི་ཁྲོད་ཀྱི་དཀའ་ངལ་སེལ་རོགས་བྱས་པས། རྒན་རྒོན་ཚོར་གཉེན་ཉེ་ལྟར་གྱི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་བ་དང་རྒན་གསོ་ཁང་གི་རྒན་རྒོན་ཚོའི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ཡོད།