དབུ་ཤོག
  • རྒྱུན་མཁོའི་བདེ་སྲུང་སྤྱོད་ལམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-03-09

    1སྦྲིད་པ་བཀག་པའི་ཉེས་པ།

    སྣ་ཁུང་དང་ཡ་རྐན་གྱི་བར་དུ་ཧབ་སྦྲིད་ཡོང་བའི་ཟ་འཕྲུག་དེ་བཙན་གྱིས་བཀག་ན། མིག་སོགས་དབང་པོ་མི་གསལ་ཞིང་མགོ་ན་བ། གཉའ་བ་རེངས་པ། ཁ་ཡོ་ཞིང་རླུང་གི་བྱེད་ལས་ཉམས་ནས་འགྲམ་པས་ཟས་ལྡད་ཤུགས་ཆུང་དུ་འགྲོ་ཞེས་དང་། ཡང་སྦྲིད་པ་བཀག་པའི་སྐྱོན་སེལ་བའི་ཐབས་སུ། དུད་པ་རྣོན་པོ་རྔུབ་པ་དང་། སྣ་སྨན་གཏོང་བ། ཉི་མར་བལྟ་བ་སོགས་བྱའོ།

    2གཡལ་བཀག་པའི་ཉེས་པ། 

    གཡལ་ཏེ་གླལ་བརྒྱང་བྱེད་འདོད་པའམ་གཡལ་སྟོང་རྒྱག་འདོད་པ་བཙན་གྱིས་བཀག་ན། སྦྲིད་པ་བཀག་པ་ལྟ་བུའི་ནད་འབྱུང་བར་འགྱུར་བས་དེ་ལ་རླུང་འཇོམས་པའི་ཆོ་ག་ཐམས་ཅད་ཕན་ཞེས་གསུངས། ཡིན་ནའང་གཡལ་སྟོང་ཚབས་ཆེ་བའམ་རྒྱུན་རིང་འབྱུང་ན་མཇིང་ཚིགས་དང་ཀླད་ཁམས་སོགས་ཀྱི་ནད་རྟགས་ལ་དབྱེ་ཞིབ་བྱེད་དགོས། 

    3 དབུགས་བཀག་པའི་ཉེས་པ། 

    འཁྲུག་ལས་བྱས་ཏེ་ངལ་ཞིང་དུབ་པའི་དབུགས་བྲེལ་པོ་དེ་ཉིད་བཀག་ན། སྐྲན་ནད་དང་སྙིང་ནད་འབྱུང་ལ། མྱོས་ཤིང་དྲན་པ་མི་གསལ་བར་འགྱུར་བས། དེ་ལ་ལུས་པོ་ངལ་གསོ་བ་དང་རླུང་སེལ་བའི་ཆོ་གས་ཕན་ཞེས་གསུངས། 

    4 ལུད་པ་བཀག་པའི་ཉེས་པ། 

    རྒྱུན་དུ་ལུད་པ་ཡོང་དུས་བཙན་གྱིས་བཀག་ན། ལུད་པ་མང་བར་འཕེལ་ཞིང་དབུགས་མི་བདེ་བ། ལུས་པོའི་ཤ་སྐམ་པ། སྐྱིགས་བུ་དང་སྙིང་ནད། ཡི་ག་འཆུས་པར་འགྱུར་ཞེས་གསུངས། ལུད་པ་བཀག་པ་བསལ་བའི་ཐབས་སུ་བཅའ་སྒ་དང་པི་པི་ལིང་སོགས་བུ་རམ་དང་སྦྱར་བའི་ལྡེ་གུའམ་སྐྱོ་མ་བསྟེན་དགོས་ཞེས་གསུངས་སོ། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།