དབུ་ཤོག
  • དཔྱིད་དུས་ཆུ་ཚན་རྒྱག་པའི་ནམ་ཟླ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-02-25

    བོད་ཀྱི་དམངས་ཁྲོད་དུ་དཔྱིད་ཀ་དང་སྟོན་དུས་སུ་ཆུ་ཚན་ལ་རོལ་ནས་ནད་གཞི་བཅོས་པའི་གོམས་སྲོལ་འཇགས་ཡོད་ལ། ལོ་ངོ་སྟོང་ཕྲག་གི་ལག་ལེན་ཁྲོད་དུ་བོད་ལུགས་གསོ་རིག་སྔོན་བྱོན་མཁས་དབང་ཚོས། བཅོས་མའི་ཆུ་ལུམས་ཀྱི་ཞིབ་འཇུག་ཉམས་མྱོང་ལ་བརྟེན་ནས་རང་བྱུང་ཆུ་ཚན་དང་མཉམ་པའི་སྨན་བཅོས་ཀྱི་མཛད་རྗེས་བསམ་གྱི་མི་ཁྱབ་པ་འཇོག་གནང་མཛད།

    རང་ལྗོངས་སུ་རང་བྱུང་གི་ཆུ་ཚན་མང་པོ་ཡོད་ཅིང་། ཆུ་ཚན་ཐོན་སའི་འོག་ན་དྲོད་ཆེ་བའི་གཏེར་དངོས་སྣ་ཚོགས་ཡོད་པ་དེ་ཚོས་ཆུ་ཚ་པོ་ཆགས་ཏེ་དེའི་ནང་མུ་ཟི་དང་། ཅོང་ཞི། བྲག་ཞུན། རྡོ་ཞོ། བྲག་མཚུར་སོགས་གཏེར་དངོས་སྨན་རྫས་མང་པོ་ཡོད་པ་དེ་ཚོ་བཞུར་ནས་འདྲེན་ཡོང་གི་ཡོད་སྟབས་དེས་ནད་རིགས་བཅོས་ཐུབ་པ་བྱུང་བ་མ་ཟད། འདྲེས་པའི་གཏེར་དངོས་མི་འདྲ་བར་བརྟེན་ནས་ཆུ་ཚན་སོ་སོའི་དྲི་མ་དང་། མདོག  རོ་ནུས་སོགས་མི་འདྲ་བ་ཡོད་ལ། དེ་དག་གིས་ནད་རིགས་མི་འདྲ་བ་བཅོས་ཐུབ་པའི་ཁྱད་ཆོས་ཀྱང་ལྡན་ཡོད་པ་རེད། རྒྱུ་མཚན་དེའི་དབང་གིས་དཔྱིད་དུས་ཆུ་ཚན་རྒྱག་པའི་ནམ་དུས་འཆར་ལ་ཉེ་བའི་སྐབས་འདིར། རྒྱ་ཆེའི་མང་ཚོགས་ཚོས་ཡུལ་ཕྱོགས་སོ་སོའི་ཆུ་ཚན་གྱི་གཏེར་དངོས་གྲུབ་ཆ་དང་བསྟུན་ནས། སྨན་པའི་མངགས་ཆ་བཞིན་ཆུ་ཚན་རྒྱག་པའི་གོམས་སྲོལ་ལ་གཞིག་ནས་རང་ལུས་བདེ་བར་གནས་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།