དབུ་ཤོག>གསར་འགྱུར།
  • བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱས་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-02-25

    ཉེ་ལམ་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱི་རྩ་འཛུགས་ཁག་གིས་མང་ཚོགས་སྐུལ་སློང་བྱས་ཏེ། སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་། གསར་གཏོད་བྱ་རྒྱུ་འགག་གཏོར་བྱེད་སར་རྩིས་ཏེ། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ལས་ཞུགས་དང་། དངུལ་དམར་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

    བོད་ཀྱི་ལོ་གསར་མ་སླེབས་གོང་། ལྷ་ས་དང་། གཞིས་རྩེ་སོགས་གྲོང་ཁྱེར་དུ་རིན་སྤུངས་རྫོང་ཁང་གཞུང་ཤང་ནས་ཡིན་པའི་ཞིང་འབྲོག་པ་ཚོས་ཁྲོམ་ལམ་ཁག་ཏུ་མར་རྒྱན་རྩེ་སྒྲོ་འཚོང་བར་སླེབས་པ་མཐོང་རྒྱུ་ཡོད། རྩེ་སྒྲོ་བཟོ་རྩལ་ལ་བརྟེན་ནས། ཁང་གཞུང་ཤང་གི་དབུལ་ཕོངས་མང་ཚོགས་མི་ཉུང་བ་ཞིག་གིས་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད། གཞོན་ནུ་དེ་བས་མང་བས་རྩེ་སྒྲོ་བཟོ་རྩལ་རྒྱུན་འཛིན་དང་། གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད། ཁང་གཞུང་ཤང་གིས་སྤྱི་ལོ་2008ལོ་ནས་འགོ་ཚུགས་ཏེ་རྩེ་སྒྲོག་བཟོ་རྩལ་སྦྱོང་བརྡར་འཛིན་གྲྭ་བཙུགས་པ་དང་། རིམ་རྩིས་བྱས་ན་འབྲེལ་ཡོད་དབུལ་སྐྱོར་སྦྱོར་བརྡར་མ་དངུལ་རེ་ཞུ་བྱེད་ཚད་སྒོར་ས་ཡ་གཅིག་ཡན་ཟིན་པ་དང་། མི་ཐེངས་སྟོང་ལྷག་ལ་སྦྱོང་བརྡར་སྤྲད་ཡོད།

    ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་རིང་། བོད་རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་དབུལ་སྐྱོར་སྣེ་ཁྲིད་ཁེ་ལས་དང་། ཞིང་འབྲོག་པའི་མཉམ་ལས་ཁང་25གཏན་འཁེལ་བྱས་པ་དང་། སྣེ་ཁྲིད་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་32གསོ་སྦྱོང་གསོ་སྤེལ་བྱས་ཡོད། དེའི་ཁྲོད་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གནས་རྙིང་ཤང་བོད་བཟོའི་ཁྱིམ་ཆས་ལས་སྣོན་ཆེད་ལས་མཉམ་ལས་ཁང་། གྲ་ནང་ཤིག་བརྐོས་བཟོ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་། སྣེ་གདོང་རྫོང་མི་རིགས་ལག་ཤེས་ཤད་མ་ཁེལ་འཐག་ཆེད་ལས་མཉམ་ལས་ཁང་སོགས་ཚུད་པ་དང་། མཉམ་ལས་ཁང་དེ་ཚོས་ཞིང་འབྲོག་པ་དབུལ་གྲོལ་ཕྱུག་འགྱུར་ཡོང་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།