དབུ་ཤོག>གསར་འགྱུར།
  • ཧྲའན་ཤིས་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས“ཧྲའན་བོད་ཁྱིམ་ཚང་གཅིག་ལྟར་བརྩེ་བའི” རྣམ་པ་ཟབ་མོ་ཧུར་ཐག་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-02-17

    2015ལོ་ནས་བཟུང་། ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པས་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་དེ་བོད་སྐྱོར་ལས་དོན་གྱི་ལས་འགན་གལ་ཆེན་དང་གྲུབ་ཆ་གལ་ཆེན་ལ་བརྩིས་ནས་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པས། མངའ་རིས་ས་ཁུལ་དུ“ཧྲའན་བོད་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”རྣམ་པ་ཟབ་མོ་བཏོད་ཡོད་པ་རེད།

    ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་འབྲེལ་ཡོད་ཀྱི་རོགས་རམ་བརྩོན་ལེན་ཧུར་ཐག་བྱས་ནས་ས་ཁུལ་དེ་ཡོངས་ཀྱི་གློག་མེད་པའི་དུད་ཚང་དབུལ་པོ་570ཡི་ཁྱིམ་སྤྱོད་འོད་ཤུགས་གློག་གཏོང་སྒྲིག་ཆས་ཐག་གཅོད་བྱས་པ་དང་། 219ལམ་རྒྱུད་ཀྱི“ཡུལ་སྐོར་བའི”སྦྲ་གུར་15དང་ས་ཁུལ་དེ་ཡོངས་ཀྱི་ཐག་རིང་གློག་མེད་པའི་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་གི་མཉམ་འབྲེལ་ལས་སྒྲུབ་ས་ཚིགས་15ལ་འོད་ཤུགས་གློག་གཏོང་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་རེད། 2015ལོའི་ཟླ་10པར་སྤུ་ཧྲེང་རྫོང་དང་། སྒར་རྫོང་། མངའ་རིས་ས་ཁུལ་བཅས་སུ་གསོ་རླུང་མཁོ་འདོན་ལྟེ་གནས་3བསྐྲུན་ནས་ས་གནས་དེ་གའི་ལས་བྱེད་མང་ཚོགས་ལ་གཅིག་སྡུད་ཐོག་གསོ་རླུང་མཁོ་འདོན་བྱེད་པའི་གནད་དོན་ཐག་གཅོད་བྱས་པ་རེད། 2015ལོའི་ཟླ་7པ་དང་ཟླ་8པར་བོད་སྐྱོར་ལས་དོན་རུ་ཁག་གིས་གཞོན་ནུ་ལོ་ཆུང་30ཡོད་པའི“ཧྲའན་བོད་ཀྱི་བརྩེ་སེམས། ཁྱིམ་ཚང་གཅིག་ལྟར་ཟབ—བོད་ཀྱི་སློབ་མས་ཧྲའན་ཤིས་ལ་ལྟ”ཞེས་པའི་དབྱར་སྒར་བྱེད་སྒོ་ཁག་གཉིས་སྤེལ་བར་སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།