2016ལོའི་དཔྱིད་གསར་སྐྱེལ་འདྲེན་སྐབས་སྤ་སེར་འཚང་ཁ་ཆེ་བས་ས་ཆ་ཁ་ཤས་ལ་སྤ་སེ་ཉོ་དཀའ་བའི་སྐབས། ཁྲིམས་འགལ་བ་འགས་སྐབས་བསྟུན་གྱིས་མགོ་སྐོར་གཏོང་ཉེན་ཆེ་བར་བརྟེན། བོད་ལྗོངས་དྲ་རྒྱ་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་དཔྱིད་གསར་སྐྱེལ་འདྲེན་སྐབས་སྤ་སེར་འཚང་ཁ་ཆེ་སྐབས་མགོ་སྐོར་བཞིའི་ནང་མི་ཚུད་པ་བྱ་རྒྱུའི་དྲན་སྐུལ་བྱས་པ་སྟེ།
གཅིག་ནས་མགོ་སྐོར་གཏོང་མཁན་གྱིས་མེ་འཁོར་གྱི་ཞབས་ཞུ་བ་ཡིན་ཚུལ་གྱིས་ཁ་པར་ཐོག་ནས་སྤ་སེ་ཉོ་མ་ཐུབ་པས་དྲ་ཚིགས་གང་དེར་དངུལ་ཁང་གཱ་ཨང་དང་། གསང་ཨང་། བཤེར་ཨང་སོགས་ཀྱི་ཆ་འཕྲིན་བཤད་ན་སྤ་སེ་ཉོ་བའི་དངུལ་ཕྱིར་སློག་བྱ་རྒྱུ་ཡིན་ལུགས་ཤོད་པ་དང་།
གཉིས་ནས་མགོ་སྐོར་གཏོང་མཁན་གྱིས་འགྲུལ་པར་བཅད་ངོས་དང་ཁོངས་མིང་ཚང་མ་ལྕགས་ལམ་ཀུང་སིའི་གཞུང་ཕྱོགས་12306ཡི་དྲ་ཚུགས་དང་ཆ་འདྲ་བ་བཟོས་ཏེ་ལག་ཐོགས་ཁ་པར་ཐོག་གི་གབ་ཡིབ་ནད་དུག་གིས“ལྕགས་ལམ་ཀུང་སིའི་དྲ་ཚིགས12306”ལ་བརྫུས་པ་དེ་སྤྱོད་མཁན་ལ་ཕབ་ཏུ་བཅུག་ནས་དེའི་དངུལ་ཁང་གི་གཱ་དང་། ཨང་གསང་། ཐོབ་ཐང་ལག་ཁྱེར་ཨང་གྲངས་སོགས་ཀྱི་ཆ་འཕྲིན་བརྐུ་ཡི་ཡོད།
གསུམ་ནས་མགོ་སྐོར་གཏོང་མཁན་གྱིས་དྲ་རྒྱའི་ཐོག་མེ་འཁོར་སྤ་སེ་ཉོ་རྒྱུ་ཡོད་པའི་ཆ་འཕྲིན་རྫུས་མ་བཏང་ནས་ཨང་གྲངས་མགོར་ཨང་ཀི་400འམ་ཡང་ན་800ཡི་ཞབས་ཞུའི་ཁ་པར་ཨང་གྲངས་བཞག་པ་སྤྱོད་མཁན་གྱིས་ཕར་བཏང་ཚེ་དེ་ཚོས་ཇུས་བཤམས་པའི་གཡོ་ཇུས་ནང་ཚུད་ཀྱི་ཡོད།
བཞི་ནས་མགོ་སྐོར་གཏོང་མཁན་གྱིས་མེ་འཁོར་སྤ་སེ་ཉོ་ཐུབ་ལུགས་བཤད་དེ་ཁག་ཐེག་ཏུ་བཞག་པའི་གཏའ་དངུལ་དང་སྔོན་གཏོང་དངུལ་ཁ་བསླུས་རྒྱག་པའམ་ཡང་ན་འགྲུལ་པར་ཁ་པར་བརྒྱབ་ནས་སྤ་སེ་མི་རག་པས་དངུལ་དག་ཁོང་ཚོས་བཤད་པ་བཞིན་ATMའཕྲུལ་ཆས་སམ་ཡང་ན་དངུལ་ཁང་རྩིས་ཁྲའི་ནང་བླུག་དགོས་ཚུལ་བཤད་དེ་འགྲུལ་པས་བཤད་པའི་ཨང་གྲངས་སམ་ཡང་ན་བཤེར་ཨང་ལ་བརྟེན་ནས་གཱ་ནང་གི་དངུལ་ཁ་བསླུས་རྒྱག་པ་བཅས་རེད།
བོད་ལྗོངས་དྲ་རྒྱ་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་དཔྱིད་གསར་སྐྱེལ་འདྲེན་རིང་སྤ་སེ་ཉོ་བའི་ཆ་འཕྲིན་དེ་ངེས་པར་དུ་གཞུང་ཕྱོགས་ཀྱི་12306གི་དྲ་ཚུགས་སམ་ཡང་ན་གཞུང་གི་APPལ་ཆ་འཇོག་དགོས་པ་དང་། གཞུང་གི་དྲ་ཚིགས་ནས“ལྕགས་ལམ་ཀུང་སིའི་དྲ་ཚིགས12306”ཕབ་ནས་སྤྱོད་དགོས་ཚེ། གཞུང་ཕྱོགས་ཀྱི་12306གི་དྲ་ཚུགས་www .12306 .cnདང་རྒྱལ་ཡོངས་ཀྱི་གཅིག་འགྱུར་སྤ་སེ་ཉོ་བའི་ཐད་གཏོང་ཁ་པར་ཨང་གྲངས་95105105ལ་རྒྱག་དགོས་ཞེས་བཤད།