དབུ་ཤོག
  • དཀར་གསུམ་ནག་གསུམ་ཟ་སྤྱོད་མཁས། ནད་མེད་ཚེ་རིང་འོང་བའི་རྒྱུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-18

    གལ་སྲིད་ནད་མེད་ཚེ་རིང་ཡོང་བསམས་ན། བཟའ་བཅའི་ཐད་ལ་ཡིད་གཟབ་ཆེན་བྱེད་རྒྱུ་གལ་ཆེ་ཤིང་། ལུས་ལ་གནོད་པའི་ཟས་འཛེམ་ཐུབ་པ་དགོས་ལ་ཕན་པའི་ཟས་ནི་མང་ཙམ་སྤྱོད་དགོས་སོ། འཕྲོད་སྦྱོར་ཐད་གདམས་ངག་ཅིག་ཡོད་པ་སྟེ། དཀར་གསུམ་ཉུང་ཙམ་བཟའ་བ་དང་ནག་གསུམ་མང་ཙམ་བཟའ་དགོས།

    དཀར་པོ་གསུམ་ནི། ཚྭ་དང་། བྱེ་མ་ཀ་ར། ཚིལ་ལུ་བཅས་གསུམ་ཡིན།

    ཚྭ་བསྟེན་དྲགས་ན། ཁྲག་ཤེད་འཕར་བ་དང་ཁྲག་རྩ་མཁྲེགས་འགྱུར་བ་མ་ཟད། ད་དུང་མཁལ་མར་ཕོག་ཐུག་གཏོང་གི་ཡོད་པས་ཉིན་རེར་ཚྭ་ཁེ་6ཙམ་བསྟེན་ན་འཚམ།

    བྱེ་མ་ཀ་ར། མ་གཞི་བྱས་ན་མངར་རྒྱུ་ནི་མིའི་ལུས་པོའི་ནང་མེད་དུ་མི་རུང་བ་ཞིག་ཡིན། ཡིན་ནའང་མང་དྲགས་ན་ཁྲག་ཤེད་མཐོ་པོ་དང་། ཤ་རྒྱགས་པ་ཆགས་ཏེ་བདེ་ཐང་ལ་གནོད་ཀྱི་ཡོད།

    ཚིལ་ལུའི་རིགས་བསྟེན་དྲགས་ན་ཁྲག་རྩ་མཁྲེགས་འགྱུར་དང་། མཁྲིས་རྒྱུའི་གཤེར་རྩི་མང་པོ་འཕེལ་ནས་བདེ་ཐང་ལ་གནོད།

    ནག་པོ་གསུམ་ནི། ཤ་མོ་དང་། མོག་རོ་ནག་པོ། འབྲས་ནག་པོ་བཅས་ཡིན།

    ཤ་མོའི་རིགས་ལ་ལུས་རྒད་པ་འགོག་ཐུབ་པའི་ནུས་པ་ལྡན་ཞིང་། ལྷག་པར་དུ་ཤ་མོ་ཤང་ཀུའུ་ཡིས་མཁྲིས་རྒྱུའི་གཤེར་ཚད་དང་ཁྲག་ཚིལ་སླ་རུ་གཏོང་ཐུབ་ལ།  རུས་པ་སོབ་འགྱུར་ལ་སྔོན་འགོག་ཐུབ།

    མོག་རོ་ནག་པོར་ཁྲག་སྐྱེ་བ་དང་ཁྲག་འཁོར་རྒྱུག་བཟང་དུ་འགྲོ་བའི་ནུས་པ་ཡོད་ལ། སྙིང་ནད་དང་འཕར་རྩ་མཁྲེགས་འགྱུར་ནད་ལ་ཕན་པ་ཆེན་པོའང་ཡོད།

    འབྲས་ནག་པོ་ལ་འཚོ་བཅུད་ཆེན་པོ་ལྡན་པས་འབྲས་ནང་གི་ཕུད་ཡིན་ཞེས་བཤད་སྲོལ་ཡོད། རྐེད་པ་ན་བ་དང་པུས་མོར་ཤུགས་མེད་མཁན་ལ་ལྷག་པར་ཕན། འབྲས་ནག་པོས་འབྲས་ཐུག་སྐོལ་ནས་བསྟེན་ན། འཇུ་བདེ་ལ་འཚོ་བཅུད་མང་པོ་ལེནཐུབ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།