དབུ་ཤོག
  • ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-15

    res04_attpic_brief.jpg

    རྒྱ་རྩིས་དཔྱིད་འབྲིང་ས་མོ་ཡོས་ཟླ་ཆུང་བ། ཚེས་11ཁྱིའི་ལྔ་ཆ་གསུམ་ནས་རང་ཟླའི་དབུགས་ཐོབ། གྲང་བའི་ངར་འགོ་རྒྱས། གྲང་མོ་ཆུང་བ་ཟེར། ལུད་གསོག་བཟོ་དང་། སོན་བཟང་འདེམས་སྒྲུག སོན་བརྗེ་རྒྱག་རྒྱུ། སོ་ནམ་གྱི་ཡོ་ཆས་བཟོ་བཅོས་བཅས་བྱ་དགོས། ཚེས་19ཕག་གི་ལྔ་ཆ་བཞི་ནས་འཇིག་རྟེན་བདག་པོ་ཆུ་སྲིན་ཁྱིམ་དུ་འབྱོར། ཟླ་བདག་འཇམ། རང་ཟླའི་ཚེས་19སྔ་མ་ནས་ཕྱི་ཟླའི་ཚེས་19བར་བུམ་སྟོང་ལྷོ། དེ་ནས་ཕྱི་དྲོ་ཐལ་རླུང་ཆེ་ན་དབྱར་སྨད་ཞོད། ཚེས་25ཐོ་རེངས་ཟླ་སྐྱོར་འཛོམས་པས་གཟིགས། ཚེས་26གླང་གི་ལྔ་ཆ་གཅིག་ནས་དགུན་ཐ་མའི་རང་སྒང་ཟིན། གྲང་བའི་ངར་འགོ་ཆག གྲང་དྲོ་རེས་མོས་བྱེད། དཔྱིད་གྲང་བསྟན་པའི་སྒང་ཡང་ཟེར། ཚེས་26བྱའི་ལྔ་ཆ་གཅིག་ནས་སྤྱི་ལ་དཔྱིད་ཚུགས། རང་ལྗོངས་སུ་རིམ་བཞིན་གནམ་གཤིས་དྲོ་རུ་འགྲོ་བ་དང་། ས་འཁྱག་བཞུར་འགོ་ཚུགས་པས་ས་ལུད་སྐྱེལ་རྒྱུ་སོགས་དཔྱིད་འདེབས་གྲ་སྒྲིག་གི་ལས་དོན་བསྒྲུབ་དགོས། ཚེས་13སྟག་གི་ལྔ་ཆ་གཉིས་ནས་ཚེས་14གླང་གི་ལྔ་ཆ་བཞི་བར་ཉི་མ་ནག ལྔ་དགུ་ལྷོ། ཟིན་ཕུང་ལྷོ་ནས་བྱང་དུ་ནམ་ཕྱེད་རྒྱུ། ཡོས་རྫོགས་ནས་ལྡོག ཧལ་ཁྱི་ནུབ་སྟོད། ལག་རྡུམ་ཁང་དབུས། ཚང་བང་དུ་དུར་མི་འཇོག འབྲུག་རྗེ་སྐས་འོག་ལ་གནས། ཡས་ལམ་བྱང་ཤར། ཕུག་ལུགས་གྲུབ་པའི་ཚེས་12ཆད། ཚེས་19ལྷག དཔལ་ལྡན་བྱེད་པའི་ཚེས་9ཆད། ཚེས་23ལྷག

    སྤྱི་ལ་ཟླ་འདིར་འབྱུང་བ་ཆུ་རླུང་ཁམས་ཤས་ཆེ་བས་ཡུལ་སྤྱིར་ཁ་རླུང་འཚུབ་པ་མང་། ཚེས་ཤར་ནས་ཕུར་བུ་དང་སྒྲ་གདོང་རླུང་སྐར་སྟེང་གནས་པས་ལྷོ་རྒྱུད་དུ་རླུང་བུ་ལྡང་། ཟླ་སྟོད་ལ་སངས་མདུན་ལྷག་པ་སྤྱོད་པ་དང་། ལྷག་སངས་སྤེན་གསུམ་དང་སྒྲ་གཅན་མཇུག་ས་ཆུའི་སྐར་མར་གནས་པས་ལྷོ་ནུབ་དང་། ནུབ་རྒྱུད། ནུབ་བྱང་སོགས་ལ་ཁ་རླུང་འཚུབ་པ་མང་།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།