ཁ་ལོ་བ་མི་ཉུང་བ་ཞིག་གིས་མི་ལྔ་བླུགས་ཆོག་པའི་འགྲུལ་སྐྱེལ་རླངས་འཁོར་ནང་དངོས་ཟོག་འབོར་ཆེན་དབོར་འདྲེན་བྱེད་པ་དེ་ནི་མི་དང་དངོས་ཟོག་མཉམ་བླུགས་ལ་བརྩིས་ནས་འགྲིམ་འགྲུལ་ཁྲིམས་འགལ་གྱི་ཁོངས་སུ་གཏོགས་ཀྱི་ཡོད་ཀྱང་མི་མང་པོ་ཞིག་གིས་དེ་གསལ་པོ་ཤེས་ཀྱི་མེད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག 》ནང་འགྲུལ་སྐྱེལ་རླངས་འཁོར་ལ་འཁོར་སྒྲོམ་ཕྱིའི་སྟེང་དང་རྒྱབ་ཀྱི་རྡོག་ཁྲེས་བླུགས་ས་ཡོད་པ་ཕུད། དངོས་ཟོག་བླུགས་ཆོག་གི་མེད་པ་གཏན་འབེབས་གསལ་པོ་བྱས་ཡོད། འགྲུལ་སྐྱེལ་རླངས་འཁོར་གྱི་སྟེང་དུ་དངོས་ཟོག་བཞག་ཆོག་པ་དེ་རླངས་འཁོར་གྱི་སྟེང་ནས་མཐོ་ཚད་སྨི་0.5ལས་བརྒལ་མི་ཆོག་པ་དང་ས་ངོས་ནས་མཐོ་ཚད་སྨི་བཞི་ལས་བརྒལ་ཆོག་གི་མེད་པ་རེད། འགྲུལ་སྐྱེལ་རླངས་འཁོར་ནང་དངོས་ཟོག་འབོར་ཆེན་བླུགས་པ་དང་ཐ་ན་ཁག་གཅིག་གིས་་རྐུབ་སྟེགས་ཀྱང་བཀོག་ནས་དངོས་ཟོག་དབོར་འདྲེན་བྱེད་པ་དེ་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཁོངས་སུ་གཏོགས་པས་ཡིད་གཟབ་བྱེད་དགོས།