སྨན་རིགས་ཀྱི་བརྟག་དཔྱད་འབོར་ཆེན་ལས་གསལ་བར། སྒོག་པ་ཐོན་ཡུལ་དང་རྒྱུན་དུ་སྒོག་པ་བཟའ་རྒྱུར་དགའ་བའི་མི་ཚོགས་ཁྲོད་འབྲས་སྐྲན་ནད་རིགས་ཕོག་ཚད་མངོན་གསལ་གྱིས་དམའ་བ་ཡོད་པ་མངོན་ཡོད། དེང་རབས་སྨན་རིགས་ཞིབ་འཇུག་གིས་ཀྱང་སྒོག་པའི་སྒོག་རྒྱུར་ནད་འབུ་ཕྲ་མོ་འགོག་པའི་ནུས་པ་ཤིན་ཏུ་ཆེན་པོ་ལྡན་པས་རྟག་ཏུ་སྒོག་པ་ཟས་སྤྱོད་བྱས་ན་འབྲས་སྐྲན་རིགས་ཀྱི་ནད་གཞི་དང་ཁྲག་རྡོག་ཆགས་པའི་ནད་གཞི་སྔོན་འགོག་གི་ནུས་པ་ཆེན་པོ་ལྡན་པ་ཕུད། རྟག་ཏུ་སྒོག་པ་ཟ་མཁན་གྱི་སྐྲ་གནག་ཅིང་སྣུམ་པ་དང་སྐྲ་སྐྱེ་འཚར་བཟང་བ། ད་དུང་སྒོག་པའི་ཁུ་བ་མགོ་ལ་བྱུགས་ནས་འཕུར་མཉེད་བཏང་ན་སྐྲ་བུད་ཚད་ཉུང་དུ་འགྲོ་བ་དང་སྐྲ་དཀར་པོར་འགྱུར་ཚད་ཚོད་འཛིན་ཐུབ་ཀྱི་ཡོད་པ་བདེན་དཔང་བྱས་ཡོད། དེར་བརྟེན་ཚང་མས་རང་གི་གཟུགས་པོའི་གནས་ཚུལ་ལ་བལྟས་ནས་སྒོག་པ་ཟ་གང་ཐུབ་བྱེད་དགོས།