དབུ་ཤོག
  • ཤིང་འབྲས་པན་ལི་ཡི་ངོ་མཚར་ནུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-11
    ཀྲུང་ལུགས་གསོ་རིག་ནང་གསལ་དོན། ཤིང་འབྲས་པན་ལི་ལ་སྨན་སྦྱོར་གྱི་ནུས་པ་ཆེན་པོ་ལྡན་ཡོད་པ་སྟེ། ཕོ་མཚེར་དང་།  མཁལ་མ།  སྙིང་སོགས་ལ་ཕན་པ་མ་ཟད་སྐྲང་འཇོམས་སོགས་ཀྱི་ནུས་པ་ལྡན།

    1.ཕོ་བ་གསོ་ཐུབ་པ་དང་། མཚེར་པ་ཐང་དུ་འགྲོ་བ། ཁྲག་འཁོར་རྒྱུག་བཟང་བ། ཁྲག་དོན་པ་འགོག་ཐུབ་པ་སོགས་ཀྱི་ནུས་པ་དེ་དཀར་པོ་ཆིག་ཐུབ་དང་སྲན་དཀར་གྱི་དོ་ཟླ་ཆོག  

    2.མཁལ་མ་གསོ་བའི་ཕན་ཡོན་ལྡན་པ།  མཁལ་དྲོད་ཉམས་ནས་སྐེད་པ་དང་པུས་མོ་ན་བའམ་གཟུགས་པོར་ཤུགས་མེད་པའི་ཚོར་སྣང་ཡོད་སྐབས་ཤིང་འབྲས་པན་ལི་མང་ཙམ་བཟས་ན་མཁལ་མ་གསོ་བར་ཤིན་ཏུ་མཆོག

    3.པན་ལི་ནང་ཚིལ་སྐྱུར་དང་འཚོ་བཅུད་གཞན་ཕུན་སུམ་ཚོགས་པོ་འདུས་ཡོད་པས་ཁྲག་ཤེད་མཐོ་བ་དང་།  སྙིང་གཟེར།  རུས་སོབ།  འཕར་རྩ་མཁྲེགས་འགྱུར་སོགས་ཀྱི་ནད་ལ་བདེ་སྲུང་གི་ནུས་པ་ལྡན་པས་ལུས་བདེ་ཚེ་རིང་ཡོང་བའི་སྨན་བཟང་ཡིན།

    4.འཚོ་རྒྱུ་B2འདུས་ཡོད་པས་རྟག་ཏུ་བཟས་ན་བྱིས་པའི་ཁ་དང་ལྕེ་རུ་རྨ་ཆགས་པ་དང་མི་རྒན་པའི་ཁ་སྦུག་གཉན་ཚད་ལ་ཕན།

    ཤིང་འབྲས་པན་ལི་འདེམས་སྟངས།

    དང་པོ་ཁ་དོག་ལ་ལྟ་དགོས།  པན་ལི་ཡི་ཁ་དོག་སེར་སྨུག་ཡིན་ལ་དམར་པོ་ཏོག་ཙམ་ཡོད་ན་སྤུས་ལེགས་ཡིན། བལ་སྤུ་མང་ཙམ་ཡོད་ན་པན་ལི་སོས་པ་ཡིན་པའི་རྟགས་རེད།

    གཉིས་པ་བཙིར་ནས་ལྟ་དགོས།  བཙིར་དུས་མཁྲེགས་པོ་ཡིན་ན་ནང་རོལ་ཟས་ཁེངས་ཡོད་པ་དང་།  ཡང་པན་ལི་རྣ་ཅོག་འགྲམ་ལ་གཡུགས་གཡུགས་བཏང་ནས་སྒྲ་མེད་ན་པན་ལི་དེ་ཡག་པོ་ཡིན་པ་ཤེས་ཐུབ།

    གསུམ་པ་དྲི་མ་སྣོམ་ནས་ལྟ་དགོས། དྲི་མ་སྣོམ་དུས་པན་ལི་རྗེན་པའི་དྲི་ཆེན་པོ་ཡོད་ན་པན་ལི་སོས་པ་ཡིན་པ་དང་། གལ་ཏེ་སྨན་གྱི་དྲི་ཚོར་ན་ཉོ་རྒྱུ་མེད་པ་ཡིད་ལ་འཇོག་དགོས་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།