དབུ་ཤོག
  • དགུན་ཁའི་གུང་གསེང་རིང་སློབ་ཡོན་མ་དགོས་པར་གསོ་སྦྱོང་བྱེད་ཀྱི་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-11

    ཉིན་ཤས་གོང་གསར་འགོད་པས་བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོའི་རྟེན་གཞི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཕྲུ་གུས་སྤྲོ་སྣང་དང་སྣ་མང་ཕུན་སུམ་ཚོགས་པའི་དགུན་ཁའི་གུང་གསེང་ཞིག་དགའ་གཏོང་ཐུབ་ཆེད།  བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོའི་རྟེན་གཞིས་ལོ་ཆུང་བྱིས་པའི་ཞབས་བྲོའི་འཛིན་གྲྭ་དང་། བོད་ཡིག་ཡིག་གཟུགས་འཛིན་གྲྭ  རི་མོའི་འཛིན་གྲྭ་བཅས་ཆེད་མངགས་གཉེར་ནས་ཕྲུ་གུའི་སྒྱུ་རྩལ་ཉམས་འགྱུར་སྐྱེད་སྲིང་བྱས་ཏེ་ཀུན་སྤྱོད་དང་། རིག་གནས། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཀྱི་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་དགུན་ཁའི་གུང་གསེང་གསོ་སྦྱོང་འཛིན་གྲྭ་གསུམ་གྱི་དུས་ཡུན་ཟླ་བ་གཅིག་ཡིན་ཞིང་། ལོ་ཆུང་བྱིས་པའི་ཞབས་བྲོའི་འཛིན་གྲྭའི་སློབ་ཕྲུག་བསྡུ་བའི་ལོ་ཚད་ནི་ལོ་6ནས་ལོ་10བར་གྱི་བུ་མོ་ཡིན་པ་དང་གསོ་སྦྱོང་གི་ནང་དོན་གྲས་སུ་ཞབས་བྲོའི་རྨང་གཞིའི་ཤེས་བྱ་དང་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོ་ཚུད་ཡོད། རེས་གཟའ་ཟླ་བ་དང་། ལྷག་པ། པ་སངས། ཉི་མ་བཅས་ལ་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་དང་སློབ་ཁྲིད་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ནས་ཆུ་ཚོད་བཅུ་གཅིག་ཕྱེད་ཀ་བར་དང་། ཆུ་ཚོད་བཅུ་གཅིག་ཕྱེད་ཀ་ནས་དང་པོ་དང་ཕྱེད་ཀའི་བར་ཡིན་པ་དང་། རི་མོའི་གསོ་སྦྱོང་འཛིན་གྲྭར་སློབ་ཕྲུག་10ནས་15བར་བསྡུ་རྩིས་ཡོད་པ་དང་སློབ་ཕྲུག་བསྡུ་བའི་ལོ་གྲངས་ལོ་12མན་དང་ལོ་6ཡན་ཡིན་པ་རེད།  སློབ་ཁྲིད་ཀྱི་ནང་དོན་གཙོ་བོ་རི་མོ་འབྲི་སྟངས་དང་། ཚོན་མདོག་གི་གྲུབ་ཆ། རི་མོའི་ངོས་སྙོམས་ཀྱི་གྲུབ་ཆ་སོགས་རི་མོའི་རྨང་གཞིའི་ཤེས་བྱ་ཚུད་ཡོད།  སློབ་ཁྲིད་དུས་ཚོད་རེས་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་སུ་བཀོད་སྒྲིག་བྱས་ཡོད་པ་དང་སློབ་ཁྲིད་དུས་ཚོད་སྔ་དྲོའི་ཆུ་ཚོད་བཅུ་པ་ནས་བཅུ་གཉིས་བར་ཡིན་པ་རེད། རི་མོ་དང་ཞབས་བྲོའི་འཛིན་གྲྭ་དང་བསྡུར་ཚེ་བོད་ཡིག་ཡིག་གཟུགས་འཛིན་གྲྭའི་སློབ་ཕྲུག་བསྡུ་བའི་རེ་བ་བལྟོས་བཅས་ཀྱིས་དམའ་ཙམ་ཡོད། རེས་གཟའ་མིག་དམར་དང་ཕུར་བུར་སློབ་ཚན་བཀོད་སྒྲིག་བྱས་པ་དང་སློབ་ཁྲིད་དུས་ཚོད་སྔ་དྲོའི་ཆུ་ཚོད་བཅུ་པ་ནས་བཅུ་གཉིས་བར་ཡིན་པ་རེད།

    “འཛིན་གྲྭའི་རྒྱ་ཁྱོན་དབང་གིས་གསོ་སྦྱོང་འཛིན་གྲྭ་ཁག་གི་སློབ་བསྡུའི་མི་གྲངས་ཚང་མར་གཏན་འབེབས་ནན་པོ་བྱས་ཡོད་པ་དང་རྩ་དོན་ཐོག་སློབ་ཕྲུག་30ལས་བརྒལ་ཆོག་གི་མེད་པ་རེད།  ད་རེས་གསོ་སྦྱོང་འཛིན་གྲྭ་གསུམ་པོར་སློབ་ཕྲུག་ས་ནས་སློབ་ཡོན་གཏན་ནས་བསྡུ་རྒྱུ་མིན་པར་བརྟེན་འབྱོར་ཐོ་འགོད་མཁན་ཁྱིམ་བདག་དང་སློབ་ཕྲུག་ཚོས་འབྲེལ་ཡོད་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུས་ནས་གོ་སྐབས་དམ་འཛིན་གནང་རྒྱུའི་རེ་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།