དབུ་ཤོག
  • རྫས་འགྱུར་མིན་པའི“འདག་རྫས”དེ་ཚོའི་ཁྱད་འཕགས་ནུས་པ་ཨེ་ཤེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-06

    མི་རྣམས་རྣམ་ཀུན་འཚོ་བའི་ནང་རྫས་འགྱུར་གྱི་འདག་རྫས་མང་པོ་བེད་སྤྱོད་བྱེད་དགོས་ཀྱི་ཡོད། ཡིན་ནའང་རྫས་འགྱུར་རིགས་ཀྱི་འདག་རྫས་སྤྱོད་མང་ན་བདེ་ཐང་ཐད་ལ་གནོད་པ་ཡོད། གཤམ་ལ་ངོ་སྤྲོད་ཞུ་བའི་བཅའ་དངོས་གཙང་མ་ཡོང་ཐབས་རྫས་འགྱུར་ཐོན་རྫས་མིན་ཡང་ནུས་པ་ཆེ་ལ་གནོད་པ་མེད།

    1.ཟངས་ཆས་ཐོག་གི་དྲེག་པ་གཙང་སེལ་བྱེད་ཐབས། ཟངས་ཆས་ལ་གཡའ་དང་དྲེག་པ་འཁོར་ན། ཚུའུ(醋)ཕོར་པ་ཕྱེད་ཀ་ལྷག་ཙམ་དང་གྲོ་ཞིབ་ཕོར་པ་ཕྱེད་པ་ལྷག་ཙམ་བསྲེས་ཏེ་སྐྱོ་མ་བཟོས་རྗེས། ཚྭ་ཕོར་པ་ཕྱེད་ཀ་དེའི་ནང་བླུགས་ནས་མུ་མཐུད་དཀྲུག་དཀྲུག་གཏོང་དགོས། དེ་ནས་སྐྱོ་མ་དེ་ཟངས་ཆས་ཐོག་གཙང་སེལ་བྱེད་དགོས་སའི་གནས་ལ་མཐུག་ཙམ་བྱུགས་ཏེ་ཆུ་ཚོད་ཁ་ཤས་བཞག་དགོས། ཉིན་གཉིས་པའི་བར་བཞག་ན་དེ་བས་ལེགས། མཇུག་ཏུ་ཟངས་ཆས་ཐོག་གི་སྐྱོ་མ་གཙང་སེལ་བྱས་ན་འགྲིག

    2.གོས་ཀྱི་སྣུམ་དྲེག་གཙང་སེལ་བྱེད་ཐབས། གོས་ལ་སྣུམ་དྲེག་ཕོག་ན་སྔོན་ལ་འདག་གཤེར་བྱུགས་ནས་འཕུར་འཕུར་བཏང་རྗེས་སྐར་མ་20ཙམ་བཞག་པ་དང་། དེ་ནས་སུའུ་ཏྲ་ཏོག་ཙམ་བྱུགས་ནས་འཕུར་མཉེད་མུ་མཐུད་བཏང་ནས་སྐར་མ་30ཙམ་བཞག་རྗེས་ཆུ་བཤལ་བཏང་ན་གཙང་མ་ཡོང་།

    3.ཁྲོ་ཡི་ཐབ་ཆས་གཙང་སེལ་བྱེད་ཐབས། ཁྲོ་ཡི་ཐབ་ཆས་གཙང་མ་ཡོང་བ་བྱེད་དགོས་ན། ཚྭ་འགྱིག་སོབ་ཐོག་བྱུགས་ནས་ཁྲོ་ཡི་ངོས་ཤུགས་ཀྱིས་འཕུར་ན་གཙང་འདག་ཡོང་།

    4.ཆབ་གཞོང(马桶)གཙང་སེལ་བྱེད་ཐབས། ཚུའུ(醋)བེད་སྤྱད་ན་ཆབ་གཞོང་གཙང་མར་འགྱུར་ཐུབ། ཞིབ་ཕྲའི་བྱེད་ཐབས་ནི། ཤེལ་དམ་ཆུང་ཆུང་ཞིག་ནང་ཚུའུ་གང་བླུགས་པ་དང་ཤེལ་དམ་གྱི་ཁེབས་གཅོད་ཐོག་ཁུང་བུ་ཆུང་ཆུང་འགའ་བརྟོལ་ནས་ཁེབས་གཅོད་རྒྱབ་སྟེ་ཤེལ་དམ་མགོ་རྟིང་སློག་ནས་ཆབ་གཞོང་གི་ཆུ་གསོག་སྒམ་ནང་བླུགས་ན། ཆབ་གཞོང་ཆུ་བཤལ་གཏོང་རེ་བཞིན་ཚུའུ་ཆུ་དང་འདྲེས་ནས་གཙང་སེལ་གྱི་ནུས་པ་ཐོན་གྱི་ཡོད། གལ་ཏེ་ཤེལ་དམ་ཆུང་ཆུང་མེད་ན་འགྱིག་དམ་ཆུང་ཆུང་བེད་སྤྱད་ནའང་འགྲིག

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།