དབུ་ཤོག
  • དགུན་དུས་ཞོགས་པ་ལུས་ལ་གནོད་པ་འདི་ལྔ་སྤོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-05

    དགུན་དུས་གནས་གཤིས་དྲང་བའི་རྐྱེན་གྱིས་ལུས་པོར་གཅེས་སྤྲས་བྱེད་རྒྱུ་ཞོགས་པ་ཡར་ལངས་དུས་ནས་འགོ་ཚུགས་དགོས་པ་དང་། གཤམ་གྱི་གོམས་གཤིས་ལྔ་བདེ་ཐང་ལ་གནོད་པས་བྱེད་མི་ཉན།

    1.ཧོབ་སྟེ་ལངས་རྒྱུ་མེད། མི་ཁ་ཤས་ཀྱིས་ཞོགས་པ་ཆུ་ཚོད་ཀྱི་ཐིར་སྒྲ་ཐོས་རྗེས་ཧོབ་སྟེ་ཡར་ལངས་ཀྱི་ཡོད། མི་གཉིད་ཁུག་དུས་ཁྲག་ཤེད་དམའ་བ་དང་། གཉིད་སད་སྐབས་ཁྲག་ཤེད་ལམ་སེང་འཕར་གྱི་ཡོད། ལྷག་པར་དུ་ཁྲག་ཤེད་མཐོ་བ་འགའ་ཞིག་ཞོགས་པ་ཁྲག་ཤེད་ཧ་ཅང་མཐོ་པོ་ཆགས་པས། གལ་སྲིད་ཧོབ་སྟེ་ཡར་ལངས་ནས་ལུས་སྒུལ་ཤུགས་ཆེ་དྲགས་ན་ཁྲག་ཤེད་གློ་བུར་རྒྱས་ནས་ཀླད་པའི་ཁྲག་རྩར་ཉེན་ཁ་བཟོ་ཡི་ཡོད། ཡང་དག་པའི་བྱེད་སྟངས་ནི། གཉིད་ལས་སད་རྗེས་མིག་གདངས་ནས་སྐར་མ་གཉིས་ཉལ་བ་དང་དེ་ནས་སྐར་མ་གཉིས་ཙོག་བུར་སྡོད་པ། དེ་རྗེས་ཉལ་ཁྲིའི་ཟུར་དུ་སྐར་མ་གཅིག་བསྡད་རྗེས་དལ་བུར་འགུལ་སྐྱོད་བྱེད་དགོས།

    2.བཙོག་པ་གཏོང་དུས་ཤུགས་ཆེ་དྲགས་རྒྱུ་མེད། ཞོགས་པ་མི་ལུས་ཀྱི་ཁྲག་ཤེད་མཐོ་པོ་ཡོད་པས། དབུགས་སྒོམ་ནས་བཙོག་པ་བཙིར་ན་ཁྲག་ཤེད་དེ་བས་འཕར་འགྲོ་ཡི་ཡོད། ཚལ་རིགས་དང་ངང་ལག་མང་ཙམ་བཟས་ན་བཙོག་པ་འདོན་སླ།

    3.ཞོགས་པ་ཁྲག་གར་ཙམ་ཡོད་པས་ཁྲག་རྡོག་ཆགས་སླ། དེས་ན་ཡར་ལངས་རྗེས་ཆུ་སྒེ་ལཱ་སེ་གང་འཐུང་ན་ཁྲག་སླ་རུ་སོང་སྟེ་གྲིབ་སྐྱོན་ཕོག་པ་དང་སྙིང་ཁྲག་འགག་པའི་ནད་ཕོག་ཚད་ཆུང་དུ་འགྲོའོ།

    4.ཞག་ཚིལ་ཆེ་བ་དང་ཚྭ་མང་དྲགས་རྒྱུ་མེད། ཡའུ་ཐེའོ(油条)དང་སྒོང་བསྲེགས་སོགས་ནི་ཚིལ་མཐོ་བའི་ཟས་རིགས་ཡིན། ཞག་ཚིལ་མཐོ་བ་དང་ཚྭ་མཐོ་བའི་ཟས་མང་ན། འཕར་རྩ་མཁྲེག་གྱུར་གྱི་ནད་ཚབས་ཆེ་རུ་འགྲོ། ཞོགས་ཟས་ལ་འོ་མ་ཕོར་གང་ངམ་ཡང་ན་འབྲས་ཐུག་ཕོར་གང་། ཉིན་གཉིས་རེའི་ཐོག་སྒོ་ང་རྡོག་བཙོས་གཅིག་དང་ཤིང་འབྲས། ཚལ་རིགས་ཏོག་ཙམ་བཟས་ན་ལེགས།

    5.སྔ་པོ་ལངས་ནས་ལུས་སྦྱོང་བྱེད་མི་ཉན། དགུན་དུས་ཁང་པའི་ཕྱི་ནང་གྱི་དྲོད་ཚད་ཧེ་བག་ཆེ། མི་འགས་ཞོགས་པ་ཆུ་ཚོད་དྲུག་པ་ཙམ་ལ་ཕྱི་ལ་ཐོན་ནས་ལུས་སྦྱོང་བྱེད་ཀྱི་ཡོད། གལ་ཏེ་ཁྲག་ཤེད་མཐོ་པོ་ཡོད་ན་ཀླད་པའི་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཡོད། དགུན་དུས་ལུས་སྦྱོང་བྱེད་པའི་དུས་ཚོད་འཚམ་ཤོས་ནི་སྔ་དྲོའི་ཆུ་ཚོད་9ནས་11བར་དང་། ཡང་ན་ཕྱི་དྲོའི་ཆུ་ཚོད་2ནས་4བར་ཡིན་ནོ།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།