གཟའ་འཁོར་འདིའི་གཟའ་མཇུག་ཏུ་ལྷོ་ངོས་སུ་གངས་འབབ་མང་བ་དང་དྲོད་ཚད་འཕར་ཆག་ཆེ་བ།
གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་1ཚེས་4ཉིན་ནས་ཟླ་1ཚེས་10ཉིན་བར)
གཟའ་ཟླ་བ་དང་མིག་དམར་ལ་ནག་ཆུ་དང་། ཆབ་མདོའི་བྱང་རྒྱུད། ཉིང་ཁྲི་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་པ་སངས་ནས་ཉི་མའི་བར་མངའ་རིས་ལྷོ་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ཉིང་ཁྲི་བཅས་སུ་གངས་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། ནག་ཆུ་དང་ཆབ་མདོར་གནམ་འཐིབས་ནས་གངས་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། ས་ཆ་ཁག་གཅིག་ལ་གངས་སིམ་སིམ་འབབ་རྒྱུ། གོང་གསལ་ས་ཁུལ་དུ་ནུབ་ནས་ཤར་བར་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་8བར་ཆག་རྒྱུ་དང་ས་བབ་མཐོ་བའི་ས་ཆར་དྲོད་ཚད་ཆག་ཚད་ཧྲེ་ཧྲི་ཏུའུ་8ཡན་ཟིན་རྒྱུ། གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་8ཙམ་རྒྱག་རྒྱུ་དང་ཡར་ཀླུང་གཙང་པོའི་ལུང་གཞུང་རྒྱུད་ཀྱི་ས་ཁུལ་དུ་ལྷགས་པ་རིམ་པ་5ཙམ་རྒྱག་རྒྱུ།
གཉིས། གྲོས་འགོ
1.གངས་འབབ་པའི་གནམ་གཤིས་ལས་འབྲོག་ལས་དང་འགྲིམ་འགྲུལ་གཉེར་སྐྱོང་ཐད་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་པས་འབྲེལ་ཡོད་སྡེ་ཚན་གྱིས་དོགས་ཟོན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
2. གནམ་གཤིས་གྲང་དུ་འགྲོ་བ་ལས་གྲོང་ཁྱེར་གྱི་ཆུ་འདྲེན་ལྕགས་མདོང་ལ་འཁྱག་པ་ཐེབས་སྲིད་པས་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་ས་བབ་མཐོ་བའི་ས་ཁོངས་སུ་མི་ཕྱུགས་ཀྱི་གྲང་འགོག་དྲོད་སྲུང་ལས་དོན་ཐད་མུ་མཐུད་མཐོང་ཆེན་བྱེད་དགོས།