དབུ་ཤོག>གསར་འགྱུར།
  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི《ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད(གཅེས་བཏུས)》བཏོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-01-02

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་2015ལོའི་ཟླ་12ཚེས་31ཉིན་གློག་འཕྲིན་འབྱོར་གསལ། 2016ལོའི་ཟླ་1ཚེས་1ཉིན་པར་སྐྲུན་བྱ་རྒྱུའི《བདེན་འཚོལ》དུས་དེབ་དུས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གི《ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད(གཅེས་བཏུས)》འདོན་རྒྱུ་རེད།

    ཞིས་ཅིན་ཕིང་གི《ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད(གཅེས་བཏུས)》དེ་ཁྱོན་ཁག་བཞིར་ཕྱེ་བ་སྟེ། ཁག་དང་པོའི་ནང་ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་ཡོད།གསུང་བཤད་ནང་རྒྱལ་སྤྱི་དང་རྒྱལ་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་ཇི་ལྟར་ཕྱིན་རུང་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་དུས་གལ་ཆེན་ཁྲུན་གཅོད་ལ་འགྱུར་ལྡོག་བྱུང་མེད་ཅེས་བསྟན་ཡོད། གསུང་བཤད་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ལ་སླེབས་པ་ནི་ཆེ་སྒྲུབ་མྱུར་སྤེལ་གྱི་རེས་འཁོར་གསར་པ་ཞིག་མིན་ལ་རགས་ལས་རྣམ་པའི་འཕེལ་རྒྱས་གཏོང་སྟངས་དང་ཡར་སྐུལ་ཤུགས་ཆེན་ལ་བརྟེན་ནས་མྱུར་ཚད་མགྱོགས་སུ་བཏང་སྟེ“ལྡབ་གཉིས་གྱུར”མངོན་འགྱུར་བྱ་རྒྱུ་དེ་མིན་ཞེས་ནན་བཤད་གནང་ཡོད། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་དགོས་ལ་དུས་ཡུན་དེ་བས་རིང་བའི་འཕེལ་རྒྱས་ཀྱི་བླང་བྱར་བསམ་གཞིག་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམས་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ཤིག་མགྱོགས་མྱུར་ཆགས་པ་བྱེད་དགོས། ཁག་གཉིས་པའི་ནང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་དགོས་པའི་སྐོར་རྒྱས་བཤད་གཏིང་ཟབ་གནང་ཡོད། གསུང་བཤད་ནང་འཕེལ་རྒྱས་ཀྱི་འདུ་ཤེས་འགྲིག་མིན་དེ་འཕེལ་རྒྱས་ཀྱི་ཕན་འབྲས་དང་ཐ་ན་རྒྱལ་ཕམ་ཇི་ཡོང་གི་རྩ་བའི་རག་ལུས་ས་ཡིན། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་དེ་ང་ཚོས་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཀྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་ཆགས་པ་ཞིག་ཡིན་པ་དེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆོས་ཉིད་ཐད་ཀྱི་རང་རེའི་ཏང་གི་ངོས་འཛིན་ཟབ་ཏུ་ཕྱིན་པ་གཅིག་སྡུད་ཐོག་མངོན་ལ་རང་རྒྱལ་འཕེལ་རྒྱས་ཁྲོད་ཀྱི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ལ་དམིགས་ནས་བཏོན་པ་ཞིག་ཀྱང་ཡིན། གསར་གཏོད་འཕེལ་རྒྱས་ལ་སྣང་ཆེན་བྱེད་པ་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གནད་དོན་ཐག་གཅོད་བྱེད་པ་དང་། མཐུན་སྦྱོར་འཕེལ་རྒྱས་ལ་སྣང་ཆེན་བྱེད་པ་ནི་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་སྣང་ཆེན་བྱེད་པ་ནི་མི་དང་རང་བྱུང་ཁམས་ཞི་མཐུན་ཡོང་རྒྱུའི་གནད་དོན་ཐག་གཅོད་བྱེད་པ། སྒོ་དབྱེའི་འཕེལ་རྒྱས་ལ་སྣང་ཆེན་བྱེད་པ་ནི་འཕེལ་རྒྱས་ཀྱི་ཕྱི་ནང་མཉམ་སྒུལ་གྱི་གནད་དོན་ཐག་གཅོད་བྱེད་པ། མཉམ་སྤྱོད་འཕེལ་རྒྱས་ལ་སྣང་ཆེན་བྱེད་པ་ནི་སྤྱི་ཚོགས་དྲང་གཞག་དྲང་བདེན་གྱི་གནད་དོན་ཐག་གཅོད་བྱེད་པ་བཅས་རེད། ཕན་ཚུན་སྦྲེལ་མཐུད་དང་ཕན་ཚུན་སྐུལ་འདེད་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ནི་ནང་ངོས་འབྲེལ་བ་ལྡན་པའི་འདུས་གྲུབ་ཅིག་ཡིན་པས་གཅིག་གྱུར་ཐོག་ལག་བསྟར་བྱེད་པ་ལས་གཅིག་བཟུང་གཅིག་ཤོར་བྱེད་མི་རུང་ལ་ཕན་ཚུན་ཚབ་ཡང་བྱེད་མི་རུང་། འཕེལ་རྒྱས་ཀྱི་འདུ་ཤེས་གང་ཞིག་ལག་བསྟར་དོན་འཁྱོལ་བྱུང་མེད་ཚེ་འཕེལ་རྒྱས་ཀྱི་མྱུར་ཚད་ལ་ཤུགས་རྐྱེན་ཐེབས་སྲིད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་གཅིག་གྱུར་ཐོག་ལག་བསྟར་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་འཕེལ་རྒྱས་གཏོང་སྟངས་གསར་པ་རྒྱུན་ཆད་མེད་པར་གསར་འབྱེད་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ཁག་གསུམ་པའི་ནང་དུས་བཀག་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུར་ཚོད་འཛིན་ཕོག་པའི་གཙོ་གནད་དང་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་དགོས་ཞེས་རྒྱས་བཤད་གཏིང་ཟབ་གནང་བ་གཙོ་བོ་ནི། གཅིག་ནས་བྱེད་ཐབས་བསྒྱུར་ཏེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས་པ་དང་། གཉིས་ནས་ཞན་ཆ་གསབ་སྟེ་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས་པ། གསུམ་ནས་ཉེན་ཁ་སྔོན་འགོག་བྱས་ཏེ་ཉེན་ཁའི་སྔོན་འགོག་ཚོད་འཛིན་འདུ་ཤེས་དང་ནུས་པ་ཆེ་རུ་ཧུར་ཐག་གཏོང་དགོས་པ་བཅས་རེད། དེ་དག་ནི་ང་ཚོས་ངེས་པར་དུ་ལེགས་སྒྲུབ་བྱེད་དགོས་པའི་ལས་འགན་ཡིན་ལ་སྒྲོལ་དགོས་པའི་ཀྱག་ཀྱོག་ལམ་བུ་ཞིག་ཀྱང་ཡིན། ཁག་བཞི་པའི་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཏང་གི་ནུས་པ་ཆེ་རུ་གཏོང་དགོས་པའི་སྐོར་རྒྱས་བཤད་གཏིང་ཟབ་གནང་ཡོད། གསུང་བཤད་ནང་རང་རེའི་ཏང་གིས་མི་དམངས་དུང་ཕྱུར་13གྱི་སྣེ་འཁྲིད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་དང་། དེ་སྟངས་འཛིན་ཐུབ་པ། ཁྲིད་སྟོན་བཅས་བྱེད་པ་དང་། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འདུ་ཤེས་དང་། ལམ་སྲོལ། བྱེད་ཐབས་བཅས་གསར་གཏོད་བྱེད་པ། ཏང་གིས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ཇུས་འགོད། འཐབ་ཇུས་འདོན་པ། སྲིད་ཇུས་འདོན་པ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བཟོ་དང་སྟངས་འཛིན་ཡག་པོ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།