ཁྲིམས་མི་འཁུར་བའི་མི་ངན་གྱིས་གློག་འཕྲིན་གྱི་གཡོ་ཐབས་ལ་བརྟེན་ནས་ཁ་བསླུས་རྒྱག་སྐབས་རྒྱུན་དུ་གནོད་འཚེ་ཕོག་མཁན་ལ་བརྒྱབ་པའི་ཁ་པར་ཐོག་ཨང་གྲངས་གང་བྱུང་དུ་མངོན་པ་དང་ཐ་ན “110”དང་། དངུལ་ཁང་གི་ཞབས་ཞུའི་ཨང་གྲངས་སོགས་དམིགས་བསལ་ཨང་གྲངས་མངོན་ནས་གནོད་འཚེ་ཕོག་མཁན་གྱི་ཡིད་ཆེས་ཐོབ་ཐབས་བྱེད་ཀྱི་ཡོད། དེར་བརྟེན་གྲོང་མི་ཚོས “དོགས་ཟོན་བྱེད་ཐབས་བརྒྱད ”ལ་བརྟེན་ནས་ཁ་བསླུས་མི་ཐེབས་པ་བྱེད་ཆོག
བྱེད་ཐབས་དང་པོ་ནི་གློག་འཕྲིན་དང་། དངུལ་ཁང་། སྤྱི་བདེ་བཅས་ཁོངས་གཏོགས་ཀྱི་ཁ་པར་ལ་རང་སོ་སོར་སྟེགས་བུ་ཡོད་དགོས། བྱེད་ཐབས་གཉིས་པ་ནི་མིག་སྔར་ཚན་པ་སུ་ཞིག་གིས་ཀྱང་བདེ་འཇགས་རྩིས་ཨང་བཟོས་མེད། བདེ་འཇགས་རྩིས་ཨང་ཟེར་བ་ནི་རྫུན་མ་ཡིན། བྱེད་ཐབས་གསུམ་པ་ནི་ཁྲལ་དོན་དང་ནོར་སྲིད་སྡེ་ཚན་གྱིས་འཛད་སྤྱོད་པར་ཁྲལ་ཕྱིར་སློག་བྱེད་སྐབས་ཁ་པར་བརྒྱབ་ནས་དངུལ་སློག་གི་ཡིན་ཞེས་གཏན་ནས་བརྗོད་མི་སྲིད། བྱེད་ཐབས་བཞི་པ་ནི་མི་སྒེར་གྱི་དཔྱད་གཞི་ཕྱིར་མི་གྱར་བ་བྱེད་དགོས། མི་སྒེར་གྱི་ལས་སྒོ་གཉེར་དུས་ཐད་བཀར་སྒྲོམ་སྟེགས་ཐོག་བསྐྱོད་ནས་ལས་སྒོ་གཉེར་དགོས། བྱེད་ཐབས་ལྔ་པ་ནི་ཆ་རྒྱུས་མེད་མཁན་གྱི་ཁ་པར་སླེབས་སྐབས་དངུལ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕྱོགས་གང་ས་ནས་ཞིབ་དཔྱད་བྱེད་དགོས། བྱེད་ཐབས་དྲུག་པ་ནི་ཁ་བསླུས་རྒྱག་པའི་དོགས་ཡོད་ཀྱི་ཁ་པར་དང་འཕྲིན་ཐུང་སླེབས་སྐབས་ཡིད་ཆེས་མི་བྱེད་པ་དང་འདོད་སེམས་མི་འཆང་ཐོག་ཕ་རོལ་སུ་ཡིན་མིན་ཞིབ་དཔྱད་བྱེད་དགོས། བྱེད་ཐབས་བདུན་པ་ནི་དྲ་ཐོག་ནས་ཚུལ་དང་མི་མཐུན་པའི་ཐོན་ཟོག་ཉོ་རྒྱུ་མེད། བྱེད་ཐབས་བརྒྱད་པ་ནི་རྒྱག་མཁན་སུ་ཡིན་མི་ཤེས་པའི་ཁ་པར་རམ་ཡང་ན་ནང་དོན་མི་ལེགས་པའི་འཕྲིན་ཐུང་སླེབས་ཚེ་རང་འགུལ་ངང་ས་ཁོངས་ཀྱི་སྤྱི་བདེ་ལས་ཁུངས་སམ་ཡང་ན་གློག་འཕྲིན་ལྟ་སྐུལ་དོ་དམ་སྡེ་ཚན་ལ་ཐེར་འདོན་གོང་ཞུ་བྱེད་དགོས་པ་བཅས་རེད།