ཁ་ལོ་བ་ངལ་དུབ་སྐབས་ལ་རླངས་འཁོར་གཏོང་ན་ཉེན་ཁ་ཧ་ཅང་ཆེ། ཁ་ལོ་བ་རྣམས་ལམ་ཐག་རིང་པོར་རླངས་འཁོར་གཏོང་དུས་ངལ་དུབ་ཚོར་སྣང་སླེབས་ན་གཤམ་གྱི་བྱེད་ཐབས་སྤེལ་དགོས།
1.རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་ནས་ཁ་རླུང་དྲང་མོ་ངོ་གདོང་ལ་རྒྱབ་པའམ་ཡང་ན་ཆུ་དྲང་མོ་གདོང་ལ་གཏོར་དགོས།
2.ཇ་ཚ་པོའམ་ཡང་ན་ཁ་ཧྥེ་འཐུང་བ་དང་། ཡང་ན་སྐྱུར་མོ་དང་ཁ་ཚ་བའི་ཟས་བཟའ་དགོས།
3.རླངས་འཁོར་ཁ་བཀག་ནས་ཕྱི་རུ་འདོན་ཏེ་རྐང་ལག་རྐྱོང་ཤད་དང་ལུས་རྩལ་རྩེད་དགོས།
4.རོལ་དབྱངས་ཉན་པའམ་ཡང་ན་རང་ཉིད་དགའ་བའི་གཞས་སྐད་སྒྲ་ཆེན་པོས་གཏོང་དགོས།
5.ལག་པ་བརྗེ་རེས་བྱས་ཏེ་ལག་གཉིས་པོས་མགོ་བོར་ཤུགས་འཚམ་པོའི་ངང་ཞུས་ནས་ཁྲག་འཁོར་རྒྱུག་མགྱོགས་སུ་གཏོང་དགོས།
6.གོང་གི་ཐབས་ཤེས་ལས་ནུས་པ་མི་ཐོན་ཚེ། ངེས་པར་རླངས་འཁོར་ཉེན་ཁ་མེད་པའི་གནས་ཤིག་ལ་ཁ་བཀག་ནས་གཉིད་སྐར་མ་30ནས་60བར་ཁུག་དགོས་སོ།