དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-29

    གཟའ་འཁོར་འདིའི་ནང་རང་ལྗོངས་སུ་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་བསྟན་མང་བ་དང་དྲོད་ཚད་འཕར་ཆག་ཆེ་བ།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (2015ལོའི་ཟླ་12ཚེས་28ཉིན་ནས་2016ལོའི་ཟླ་1ཚེས་3ཉིན་བར)

    གཟའ་ལྷག་པ་དང་ཕུར་བུར་ནག་ཆུའི་དབུས་ཤར་རྒྱུད་དང་། ཆབ་མདོའི་བྱང་རྒྱུད། ཉིང་ཁྲི་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་། ས་བབ་མཐོ་བའི་ས་ཁུལ་དུ་གངས་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་དུ་འགྲོ་རྒྱུ། གཟའ་མཇུག་ཏུ་ནག་ཆུ་དང་། ཆབ་མདོའི་བྱང་རྒྱུད། ཉིང་ཁྲི་བཅས་སུ་གངས(ཆར་པ)སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་8ཙམ་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་ལུང་གཞུང་རྒྱུད་ཀྱི་ས་ཁུལ་དུ་ལྷགས་པ་རིམ་པ་5ཙམ་རྒྱག་རྒྱུ་དང་འབྲེལ་བྱེ་རླུང་འཚུབ་རྒྱུ།

    གཉིས། གྲོས་འགོ

    1.ལྷགས་པ་ཆེན་པོ་རྒྱག་པའི་ཉིན་གྲངས་མང་དུ་འགྲོ་བ་དང་། ཆར་ཆུ་འབབ་ཉུང་བ། གནམ་གཤིས་སྐམ་ཐན་ཆེ་བ། མེ་སྐྱོན་ཉེན་ཁའི་རིམ་པ་མཐོ་ཙམ་ཡོད་པས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གྲོང་ཁྱེར་གྱི་ཡུལ་མིས་བདེ་འཇགས་ངང་མེ་སྤྱོད་རྒྱུར་དོ་སྣང་བྱེད་དགོས། ལྷགས་པ་ཆེན་པོ་རྒྱག་པའམ་ཡང་ན་བྱེ་རླུང་འཚུབ་ནས་འགྲིམ་འགྲུལ་ཐད་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་མཐོང་ཆེན་བྱེད་དགོས།

    2. ས་བབ་མཐོ་བའི་ས་ཁོངས་སུ་མི་ཕྱུགས་ཀྱི་གྲང་འགོག་དྲོད་སྲུང་ལས་དོན་ཐད་མཐོང་ཆེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།