དགུན་དུས་གངས་བབས་པ་དང་ལམ་ཐོག་འཁྱགས་པ་ཐེབས་པའི་སྐབས་འགྲིམ་འགྲུལ་བདེ་འཇགས་ཐད་ཉེན་ཁ་ཆེན་པོ་བཟོས་ཡོད། ད་ཆ་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་བ་དང་ཆབས་ཅིག་སྒེར་གྱི་རླངས་འཁོར་ཁྱབ་གདལ་ཆེན་པོ་བྱུང་མོད། ཡིན་ནའང་ཁ་ལོ་བ་གསར་པ་མང་པོ་ཞིག་ཉམས་མྱོང་གིས་དབུལ་བའི་རྐྱེན་གྱིས་གངས་འཁྱགས་ལམ་དུ་འགྲོ་དུས་ཉེན་ཁ་ཆེན་པོ་འཕྲད་ཡོད།
སྤྱིར་ན་གངས་འཁྱགས་ལམ་དུ་རླངས་འཁོརགཏོང་དུས་ངེས་པར་ཚིག་གཅིག་སེམས་ལ་བརྟན་པོར་བཅངས་དགོས་པ་དེ་ནི“དལ་པོ”དགོས།
1.རླངས་འཁོར་དལ་པོའི་ངང་གཏོང་བ། གངས་འཁྱགས་ལམ་འཕྲད་སྐབས་རླངས་འཁོར་མགྱོགས་པོ་གཏོང་མི་ཉན། རླངས་འཁོར་དལ་པོར་བཏང་ན་བཀོལ་སྤྱོད་བྱེད་བདེ།
2.དལ་པོར་ཁ་ལོ་སྒྱུར། གངས་འཁྱགས་ལམ་དུ་རླངས་འཁོར་གྱི་འཁོར་ལོ་ས་ལ་སྦྱར་ཚད་ཧ་ཅང་དམའ་པོ་ཡིན་པས་ཁ་ལོ་སྒྱུར་དུས་ངེས་པར་དལ་པོ་དགོས། རླངས་འཁོར་ག་ཚོད་མགྱོགས་ན་དེའི་འཁྱིལ་ཤུགས་དེ་ཙམ་ཆེ་བས། ཁ་ལོ་སྒྱུར་ཤུགས་ཆེ་ན་རླངས་འཁོར་དབང་མེད་དུ་གཞོགས་ཅིག་ལ་འཁྱིལ་ནས་ཉེན་ཁ་ཆེན་པོ་ཡོང་གི་ཡོད།
3.འཁོར་བཀག་དལ་པོ་དགོས། གངས་འཁྱགས་ལམ་དུ་རླངས་འཁོར་མྱུར་བཀག་གཏན་ནས་བྱེད་མི་ཉན། ཡང་དག་པའི་བྱེད་སྤྱོད་ནི་ལམ་གྱི་གནས་ཚུལ་ལ་སྔོན་དཔགས་བྱས་ནས་སྔ་ཙམ་ནས་འགོག་གཏོང་གནོན་ཆས་རྐང་པས་ཐུག་ཙམ་ཐུག་ཙམ་གནོན་དགོས།
3.སྣུམ་དལ་པོར་སྤྲོད། རླངས་འཁོར་བཀག་ནས་འགྲོ་དུས་དང་མགྱོགས་སུ་གཏོང་དུས་སྣུམ་སྤྲོད་གནོན་ཆས་དལ་པོའི་ངང་གནོན་དགོས་པ་ལས་མགྱོགས་པོ་གནོན་མི་ཉན། མགྱོགས་དྲགས་ན་འཁོར་ལོ་འདྲེད་བརྡར་ཤོར་ནས་མདུན་དུ་འགྲོ་མི་ཐུབ་པའམ་ཡང་ན་གཞོགས་ཅིག་ལ་ཤོར་འགྲོ།
4.འབྱེད་མཐུད་གནོན་ཆས(离合器)དལ་པོར་གློད་དགོས། རླངས་འཁོར་བཀག་ནས་འགྲོ་དུས་སམ་ཡང་ན་རླངས་འཁོར་བཀོལ་ཤུགས་བརྗེ་སྒྱུར(换档)བྱེད་སྐབས་འབྱེད་མཐུད་གནོན་ཆས་དལ་པོའི་ངང་གློད་དགོས་པ་ལས་མགྱོགས་མི་ཉན། མགྱོགས་ན་འཁོར་ལོ་འདྲེད་བརྡར་ཤོར་བ་དང་། ཡང་ན་རླངས་འཁོར་མྱུར་བཀག་བྱས་པ་ལྟ་བུའི་ཉེན་ཁ་ཐོན་གྱི་ཡོད།