དབུ་ཤོག
  • སྔས་མགོའི་གཙང་སྦྲར་ཧོལ་རྒྱུག་བྱ་རྒྱུ་མེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-25

    སྔས་མགོ་ནི་མི་རྣམས་ཀྱི་འཚོ་བ་དང་ཁ་འབྲལ་ཐབས་མེད་པའི་མཁོ་ཆས་ཤིག་ཡིན་མོད། འོན་ཀྱང་མི་མང་པོས་ཉལ་གདན་སོགས་ཉི་མར་བཀྲམ་པ་ལས་སྔས་མགོ་ཉི་མར་བཀྲམ་གྱི་མེད། དོན་དངོས་ཐོག་སྔས་མགོར་སྦགས་བཙོག་མང་པོ་ཡོད་པ་སྟེ། ཉལ་སའི་ནང་གི་བཙོག་རླངས་རྣམས་སྔས་མགོ་བརྒྱུད་དེ་ཕྱིར་དོན་པ་དང་། གཉིད་ཉལ་སྐབས་ཁ་རླངས་བཙོག་པ་རྣམས་སྔས་མགོར་སིམ་པ། མགོའི་ཟགས་ཐོན་རྔུལ་ཆུ་སོགས་སྔས་མགོའི་ཐོག་སིམ་པ་སོགས་ཀྱིས་ནད་དུག་མང་པོ་སྐྱེད་སྲིང་བྱེད་ཡུལ་དུ་གྱུར་གྱི་ཡོད། དེར་བརྟེན་སྔས་ཤུབས་བཀྲུ་བ་ཙམ་གྱིས་སྔས་མགོ་གཙང་མ་ཡིན་པ་མི་ཁྱབ་པས་རྒྱུན་དུ་སྔས་ཤུབས་བཀྲུ་བ་དང་ཆབས་ཅིག་སྔས་མགོ་ཉི་མར་བཀྲམ་ནས་དུག་སེལ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།