དབུ་ཤོག
  • ​ ATMའཕྲུལ་ཆས་ནས་དངུལ་ལེན་དུས་ཡིད་གཟབ་བྱ་ཐབས་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-24

    1. མཚན་མོ་དང་ཐོ་རེངས་སུ་ATMདངུལ་ལེན་འཕྲུལ་ཆས་ནས་དངུལ་ལེན་སྐབས་དོགས་ཟོན་བྱེད་དགོས། དཔེར་ན་རྒྱབ་ཏུ་མི་ཡོད་མེད་དང་ལྐོག་ལྟ་བྱེད་མཁན་ཡོད་མེད་ལ་དོགས་ཟོན་བྱེད་དགོས་ལ། ཁ་ཚ་དགོས་གཏུགས་སྐབས་སུ་ཉེན་རྟོག་པར་འབྲེལ་བ་བྱས་ནས་གནད་དོན་ཐག་གཅོད་བྱ་རྒྱུ།  

    2.དུས་བཀག་ལྟར་དངུལ་ཁང་གཱ་ཡི་གསང་རྟགས་བརྗེ་དགོས། དངུལ་ཁང་གི་གཱ་མི་གཞན་ལ་གཡར་རྒྱུ་མེད་ལ་གསང་རྟགས་ཨང་གྲངས་གཞན་ལ་བཤད་རྒྱུ་མེད།

    3. ATMནས་དངུལ་ལེན་པའི་སྐབས་སུ་དེ་མིན་སྒྲིག་ཆས་བསྒར་ཡོད་མེད་ལ་དོ་སྣང་བྱེད་དགོས་པ་མ་ཟད། མཐེབ་བཀྱག་ལ་བཟོ་བཅོས་བརྒྱབ་ཡོད་མེད་དང་འགྱིག་ཤོག་སྦྱར་ཡོད་མེད་ལ་ཡང་དོ་སྣང་བྱེད་དགོས།

    4. གསང་རྟགས་ཨང་གྲངས་མནན་སྐབས་ལག་པའམ་ཡང་ན་དེ་མིན་དངོས་པོས་བཀབ་དགོས་པ་དང་དངུལ་འཛིན་འཛིན་ཤོག་ཉར་ཚགས་བྱས་ཏེ་ཁྲིམས་འགལ་བས་གསང་རྟགས་བརྐུ་རྒྱུ་འགོག་དགོས་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།