དབུ་ཤོག
  • ལུས་པོའི་ནད་འགོག་ནུས་པ་ཤུགས་ཆེར་གཏོང་བའི་ཐབས་ཤེས་བདུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-24

    1.གཉིད་ཉལ་བའི་སྤུས་ཚད་འགན་ལེན་བྱེད་དགོས།

    གཉིད་ཉལ་བའི་སྤུས་ཚད་དང་ལུས་པོའི་ནད་འགོག་ནུས་པའི་དབར་འབྲེལ་བ་དམ་ཟབ་ཡོད་པས་དུས་ཚོད་འདང་བ་དང་སྤུས་ཚད་ལྡན་པའི་གཉིད་ཁུག་ན།་ལུས་པོའི་ནང་གི་ཕྲ་ཕུང་དཀར་པོ་འཕེལ་བ་དང་། མཆིན་པའི་དུག་སེལ་ནུས་པ་ཆེས་ཆེར་ཕྱིན་ནས་ནད་དུག་རིགས་མེད་པ་བཟོ་ཐུབ་ཀྱི་ཡོད།

    2.སྣང་བ་སྐྱིད་པོ་ཡོང་བ་བྱེད་དགོས།

    དེང་དུས་མི་མང་པོ་ཞིག་འཚོ་བ་དང་ལས་ཀའི་ཐད་སེམས་ཁྲལ་ཆེན་པོ་ཡོད་པས་རྟག་ཏུ་སེམས་མི་སྐྱིད་པ་དང་དངངས་འཚབ་ངང་གནས་པས་ལུས་པོའི་རིམས་འགོག་ནུས་པ་ཉམས་ཞེན་དུ་འགྲོ་ཡི་ཡོད། དེར་བརྟེན་ངེས་པར་དུ་སེམས་ཁམས་སྙོམ་སྒྲིག་ཡག་པོ་བྱས་ནས་སྣང་བ་སྐྱིད་པོ་ཡོང་བ་བྱེད་དགོས།

    3.ཆང་རག་ཚོད་རན་པོ་འཐུང་ཤེས་པ་བྱེད་དགོས།

    ཉིན་ལྟར་ཨ་རག་དཀར་པོ་ཧའོ་ཧྲེང་100ལས་བརྒལ་རྒྱུ་མེད་པ་དང་། ཨ་རག་སེར་པོ་ཧའོ་ཧྲེང་250ལས་བརྒལ་རྒྱུ་མེད་པ།  སྦི་རག་ཤེལ་དམ་གཅིག་ལས་མང་རྒྱུ་མེད། ཆང་རག་ཚད་ལས་བརྒལ་ན་ཁྲག་དང་། སྙིང་ཁམས། མཆིན་པ་སོགས་ལ་གནོད་པ་ཆེན་པོ་བཟོ་སྲིད།

    4.ལུས་སྦྱོང་རྒྱུན་འཁྱོངས་པ་བྱེད་དགོས།

    ཉིན་རེར་ལུས་སྦྱོང་སྐར་མ་30ནས་45བར་བྱེད་དགོས་པ་དང་། གཟའ་འཁོར་གཅིག་ལ་ཉིན་5བསྟུད་མར་ལུས་སྦྱོང་བྱས་ཏེ།གཟའ་འཁོར་12རྒྱུན་འཁྱོངས་བྱས་ན་རིམ་འགོག་ཕྲ་ཕུང་ཆེས་ཆེར་འཕེལ་ཐུབ།

    5.ལུས་པོར་འཚོ་བཅུད་ངེས་གཏན་གསབ་སྣོན་བྱེད་དགོས།

    ཉིན་ལྟར་ཟས་བཅུད་སྣ་ཚོགས་དང་གཏེར་རྒྱུ་ལྡན་པའི་བཟའ་བཅའ་གང་འཚམ་བཟས་ན་ལུས་པོའི་ནད་འགོག་ནུས་པ་ཤུགས་ཆེར་འགྲོ་ཐུབ། སྤྱིར་ན་ཚལ་རིགས་དང་ཤིང་ཏོག་སྣ་ཚོགས་ནང་འཚོ་བཅུད་ཕུན་སུམ་ཚོགས་པོ་ཡོད་པས་དེ་རིགས་མང་ཙམ་བཟའ་དགོས།

    6.ཞོའི་རིགས་མང་ཙམ་འཐུང་དགོས།

    ཞོའི་རིགས་མང་ཙམ་བཏུང་ན། ཕོ་བ་དང་རྒྱུ་མའི་ནུས་པ་གསོ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་དང་། ཞོས་རྒྱུ་མའི་ནང་ལུས་པའི་སྙིགས་རོ་ཕྱིར་འབུད་བྱེད་ཐུབ་ལ། རྒྱུ་མའི་ནང་གི་ནད་འབུ་འགོག་པའི་ནུས་པ་ཆེ་རུ་འགྲོ་ཐུབ། གཞན་ཡང་རུས་པ་སོབ་སོབ་ཆགས་པར་སྔོན་འགོག་བྱེད་ཐུབ་ཀྱི་ཡོད།

    7.རྐང་མཐིལ་ལ་འཕུར་མཉེད་མང་ཙམ་བྱེད་དགོས།

    སྐྱིལ་ཀྲུང་དུ་བསྡད་ནས་ལག་གཡོན་མས་རྐང་པ་གཡས་པའི་མཛུབ་མོ་འཇུ་བ་དང་། ལག་གཡས་པས་རྐང་པ་གཡོན་མའི་རྐང་མཐིལ་ཐེངས་100རེ་འཕུར་བ།  དེ་ནས་རྐང་པ་བརྗེ་པོ་བརྒྱབ་ནས་སྔར་བཞིན་མུ་མཐུད་འཕུར་དགོས། གཞན་ཡང་རྐང་པ་ཆུ་ཚ་པོའི་ནང་དུ་དུས་ཚོད་ངེས་གཏན་ཞིག་སྦངས་ན་ཡང་ཕན་ནུས་ཆེན་པོ་ཐོན་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།