དབུ་ཤོག
  • ལས་རྨས་ཀྱི་ཁ་གསབ་ཐོབ་པ་བྱེད་པར་འགྲོ་ལུཌ་གང་དག་བརྒྱུད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-22

    ལས་རྨས་ཀྱི་ཁ་གསབ་ཐོབ་པ་བྱ་དགོས་ན་གཤམ་གྱི་འགྲོ་ལུཌ་ཁག་བརྒྱུད་དགོས་པ་སྟེ།

    གཅིག   རེ་ཞུ་བྱ་དགོས་པ།

    མི་སྣ་བཀོལ་སྤྱོད་བྱེད་མཁན་གྱི་ལས་ཁུངས་དང་། ལས་རྨས་ལས་བཟོ་བའམ་ཡང་ན་དེའི་ཐད་ཀའི་གཉེན་ཚན་གྱིས་གཏན་འབེབས་ལྟར་ངལ་རྩོལ་སྲིད་འཛིན་སྡེ་ཚན་ལ་ལས་རྨས་ཡིན་མིན་ངོས་འཛིན་གཏན་འཁེལ་བྱ་རྒྱུའི་རེ་ཞུ་བྱེད་དགོས་པ་དང་སྦྲཌ་འབྲེལ་ཡོད་ཀྱི་རྒྱུ་ཆ་མཁོ་འདོན་བྱ་དགོས།

    གཉིས།  བདག་སྤྲོད་བྱ་དགོས་པ།

    ངལ་རྩོལ་སྲིད་འཛིན་སྡེ་ཚན་ནས་ཞུ་ཡིག་འབྱོར་རྗེས་ཀྱི་ཉིན་15ཡི་ནང་ཞིབ་དཔྱད་བྱ་དགོས་ཤིང་། ཆ་རྐྱེན་དང་མཐུན་པ་བདག་སྤྲོད་བྱ་དགོས་པ་དང་། ཆ་རྐྱེན་མ་འཛོམས་ཕྱིན་རེ་ཞུ་བྱེད་མཁན་ལ་བརྡ་ཐོ་གཏོང་དགོས།གལ་སྲིད་རེ་ཞུའི་ཡིག་ཆ་ཆ་ཚང་པོ་མེད་ན་བརྡ་ཐོ་གཏོང་ཐེངས་གཅིག་རང་ལ་རེ་ཞུ་བྱེད་མིར་ཉིན་30ཡི་ནང་ཚུན་དུ་ཆ་རྐྱེན་གང་དག་ཁ་གསབ་བྱ་དགོས་པའི་ལན་སྤྲོད་དགོས།

    གསུམ།   ངོས་འཛིན་གཏན་འཁེལ་བྱ་དགོས་པ།

    ངལ་རྩོལ་སྲིད་འཛིན་སྡེ་ཚན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད་ངོས་འཛིན་གཏན་འཁེལ་བྱས་པའི་ཆ་རྐྱེན་དང་མཐུན་ཡོད་ན་ཉིན་60ཡི་ནང་ཚུན་དུ (དམིཌ་བསལ་གནས་ཚུལ་ཡོད་ན་ད་དུང་ཉིན་30ནར་འགྱངས་བྱེད་ཆོག)ལས་རྨས་ངོས་འཛིན་གཏན་འཁེལ་བྱས་འབྲས་ཀྱི་བརྡ་ཐོ་འབྲི་དགོས་པ་མ་ཟད་ལས་ཁུངས་དང་མི་སྒེར་ལ་བརྡ་ལན་སྤྲོད་དགོས། ངལ་རྩོལ་འབྲེལ་བ་ཡོད་པའམ་ངལ་རྩོལ་འབྲེལ་བ་དངོས་སུ་བྱུང་བའི་དཔང་རྟཌ་མཁོ་འདོན་བྱེད་མ་ཐུབ་ན་རེ་ཞུ་བྱེད་མཁན་ལ་ངལ་རྩོལ་འདུམ་འགྲིག་གི་རེ་འདུན་ཞུས་ཏེ་ངལ་རྩོལ་འབྲེལ་བ་གཏན་འཁེལ་ཁ་གསབ་བྱ་དགོས་པའི་བརྡ་ཐོ་གཏོང་དགོས། འདུམ་འགྲིག་བྱེད་པའི་དུས་ཚོད་དེ་བདག་སྤྲོད་བྱེད་པའི་གཏན་འཁེལ་དུས་ཚོད་ལས་རིང་མི་ཆོག  ངོས་འཛིན་གཏན་འཁེལ་བྱེད་པའི་ཆ་རྐྱེན་དང་མཐུན་མེད་ན་རེ་ཞུ་བྱེད་མཁན་ལ་བརྡ་ལན་སྤྲོད་དགོས་པ་དང་།ལས་རྨས་ཡིན་པ་ངོས་འཛིན་གཏན་འཁེལ་བྱས་ཟིན་པར་ལས་རྨས་ཡིན་པའི་ལག་ཁྱེར་སྤྲོད་དགོས་པ།

    བཞི།  ངལ་རྩོལ་བྱེད་ནུས་ཞིབ་དཔྱད་བྱ་དགོས་པ།

    ངལ་རྩོལ་བྱེད་ནུས་ཞིབ་དཔྱད་བྱ་རྒྱུ་དེ་མི་སྣ་བཀོལ་སྤྱོད་སྡེ་ཚན་དང་། ལས་རྨས་ལས་བཟོ་བའམ་ཡང་ན་དེའི་ཐད་ཀའི་གཉེན་ཚན་གྱིས་ས་ཁུལ་བཙུགས་པའི་གྲོང་ཁྱེར་རིམ་པའི་ངལ་རྩོལ་བྱེད་ནུས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་ལ་རེ་ཞུ་བྱ་དགོས་པ་དང་སྦྲཌ་ལས་རྨས་ངོས་འཛིན་གཏན་འཁེལ་བྱས་པའི་གཏན་འབེབས་དང་ལས་བཟོ་བའི་ལས་རྨས་སྨན་བཅོས་ཀྱི་འབྲེལ་ཡོད་དཔང་ཡིག་མཁོ་འདོན་བྱ་དགོས། ངལ་རྩོལ་བྱེད་ནུས་ཞིབ་དཔྱད་བྱེད་པ་ནི་ངལ་རྩོལ་བྱེད་ནུས་ལ་འགོག་རྐྱེན་ཕོག་ཚད་དང་འཚོ་བ་རང་རྐྱ་འཕེར་རྒྱུར་འགོག་རྐྱེན་ཕོག་ཚད་ཀྱི་རིམ་པ་ཞིབ་དཔྱད་བྱེད་པར་ཟེར།

    ལྔ།   ལས་རྨས་འགན་བཅོལ་གྱི་ཐོབ་ཐང་སྤྲོད་དགོས་པ།

    ལས་རྨས་ཀྱིས་རྐྱེན་པས་ཤི་བའམ་ཡང་ན་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་ལས་རྨས་ཀྱི་འགན་བཅོལ་ཐོབ་ཐང་ལོངས་སྤྱོད་ཀྱི་ཆ་རྐྱེན་མཐུན་པའི་རེ་ཞུ་བྱེད་མཁན་གྱིས་སྤྱི་ཚོགས་འགན་བཅོལ་སྡེ་ཚན་ལ་ཐོབ་ཐང་ཞིབ་བཤེར་གཏན་འབེབས་བྱ་རྒྱུའི་རེ་ཞུ་བྱ་དགོས་ཤིང་། སྤྱི་ཚོཌ་འགན་བཅོལ་སྡེ་ཚན་གྱིས་ཞིབ་བཤེར་གཏན་འབེབས་བྱས་པའི་ཐོབ་ཐང་གཞིར་བཟུང་ལས་རྨས་ཀྱི་ཁ་གསབ་སྤྲོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།