འགྲིམ་འགྲུལ་ཁྲིམས་སྲོལ་གསར་པ་ལག་བསྟར་བྱས་རྗེས། ཁ་ལོ་བའི་ལག་ཁྱེར་གྱི་སྐར་གྲངས་འཐེན་རྒྱུའི་ཚད་གཞི་ཧ་ཅང་ནན་པོ་བཟོས་ཡོད་ཅིང་། ཡིད་གཟབ་མ་བྱས་ན་ཁ་ལོ་བའི་ལག་ཁྱེར་གྱི་སྐར་གྲངས་12ཚང་མ་འཐེན་ནས་ལག་ཁྱེར་བརྩིས་མེད་འགྲོ་བའི་ཉེན་ཁ་ཡོད། བྱེད་སྤྱོད་ཁག་ཅིག་རྣམ་ཀུན་ཁ་ལོ་བས་སྣང་མེད་དུ་འགྲོ་སྲིད་པས་ངེས་པར་དུ་ཡིད་གཟབ་བྱེད་དགོས། གཤམ་གསལ་གྱི་ཁྲིམས་འགལ་བྱ་སྤྱོད་ཀྱི་གྲས་ཤིག་ཡོད་ཚེ་ཐེངས་གཅིག་ལ་སྐར་གྲངས་12འཐེན་རྒྱུ།
1.གཏོང་ཆོག་པའི་འཁོར་རིགས་དང་མི་འཚམས་པའི་འཕྲུལ་སྒུལ་འཁོར་ལོ་གཏོང་རིགས།
2.ཆང་བཏུངས་འཁོར་གཏོང་ངམ་ཡང་ན་ར་བཟི་འཁོར་གཏོང་བྱ་རིགས།
3.གཞུང་ལམ་འགྲུལ་སྐྱེལ་རླངས་འཁོར་ནང་གཏན་འཁེལ་བྱས་པའི་མི་གྲངས་ཚད་ལས་20%ཡན་བརྒལ་རིགས།
4.འགྲིམ་འགྲུལ་ལས་འཛོལ་ཐོན་རྗེས་བྲོས་བྱོལ་དུ་ཕྱིན་ནས་ཉེས་གསོག་ཚད་དུ་སླེབས་མེད་པའི་རིགས།
5.འཕྲུལ་སྒུལ་འཁོར་ལོའི་ཨང་རྟགས་དང་། འགྲོ་སྐྱོད་ཆོག་པའི་ལག་ཁྱེར། ཁ་ལོ་བའི་ལག་ཁྱེར་བཅས་རྫུན་བཟོ་དང་བསྒྱུར་བའམ་ཡང་ན་འཕྲུལ་སྒུལ་འཁོར་རིགས་གཞན་གྱི་ཨང་རྟགས་དང་འགྲོ་སྐྱོད་ཆོག་པའི་ལག་ཁྱེར་སྤྱད་རིགས།
6.མྱུར་བགྲོད་གཞུང་ལམ་ཐོག་ཕྱིར་བཤོལ་རྒྱག་པ་དང་། ལྡོག་ཕྱོགས་སུ་གཏོང་བ། དཀྱིལ་ཐིག་བརྒལ་ནས་ཁ་ལོ་བསྒྱུར་རིགས།
7.འཕྲུལ་སྒུལ་འཁོར་ལོའི་མྱུར་ཚད་གཏན་འབེབས་ཀྱི་མྱུར་ཚད་ལས་50%ཡན་བརྒལ་རིགས་བཅས་སོ།