དབུ་ཤོག
  • བུད་མེད་ཚོས་ཁམས་ཟད་གནས་སྐབས་ལ་ཞེད་སྣང་མ་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-18

    ཁམས་ཟད་གནས་སྐབས་ཀྱི་བུད་མེད་ཀྱིས་འཆར་གཞི་ཡོད་པའི་འཚོ་བ་སྐྱེལ་དགོས་པ་དང་། གཉིད་འདང་ངེས་ཁུག་དགོས། གཟའ་འཁོར་རེར་ལུས་རྩལ་ཐེངས་གསུམ་ཡན་རྩེད་དགོས་པ་དང་། ཐེངས་རེར་སྐར་མ་30ལས་མི་ཉུང་བ། ལུས་རྩལ་རྩེད་ཤུགས་རན་པོ་བཅས་རྒྱུན་འཁྱོངས་བྱ་དགོས། ཁམས་ཟད་སྐབས་སུ་བུད་མེད་ཀྱིས་གང་ཐུབ་འཚོ་བ་ཕུན་སུམ་ཚོགས་པོ་ཡོང་བ་བྱེད་དགོས། སྤྲོ་སྣང་ལྡན་པ་དང་བདེ་ཐང་གི་སེམས་ཁམས་གསོ་སྐྱོང་བྱ་དགོས། ད་དུང་བུད་མེད་ཚོས་ལོ་རེར་གཟུགས་པོ་ཡོངས་ལ་བརྟག་དཔྱད་དང་མངལ་སྐེའི་འབྲས་སྐྲན། ནུ་མའི་འབྲས་སྐྲན་གྱི་བརྟག་དཔྱད་བཅས་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།