བ་དམ་ནང་དུ་བཅུད་ལྡན་གྱི་རྒྱུ་ཆ་མང་པོ་འདུས་ཡོད། ཡིན་ནའང་མི་ཚང་མར་བ་དམ་འཕྲོད་པའི་ངེས་པ་མེད་དེ་གཤམ་གསལ་གྱི་མི་ཚོས་ཅུང་ཟད་འཛེམ་དགོས།
༡ བ་དམ་ནང་དུ་ཞག་ཚི་དང་སྤྲི་དཀར་གྱི་འདུས་ཚད་མཐོ་པོ་ཡིན་པས། གལ་སྲིད་ཕོ་བ་དང་རྒྱུ་མའི་གཉན་ཚད་ནད་གཞི་ཅན་གྱི་མི་ཚོས་ཟས་དྲགས་ན། ཁོག་པ་བཤལ་ཚབས་ལྕི་རུ་འགྲོ་བའི་ཉེན་ཁ་ཡོད།
༢ མཆིན་པ་དང་མཁྲིས་པར་ནད་གཞི་ཡོད་པའི་མི་ཚོས་བ་དམ་ཟས་དྲགས་ན་མཆིན་མཁྲིས་ཀྱི་འཇུ་ནུས་ལ་འགོག་རྐྱེན་ཡོང་གི་ཡོད།
༣ ཤ་ལྤགས་ལས་ཞག་ཚི་ཐོན་མང་བ་དང་། ངོ་གདོང་ལ་འབྲུམ་ཐོར་མང་བ་ཚོས་བ་དམ་མང་པོ་ཟ་རྒྱུ་མེད།
༤ བ་དམ་ལ་ཁྲག་ཤོར་འགོག་པའི་ནུས་པ་ཡོད་པ་དེ་ནི། བ་དམ་ནང་གི་རྒྱུ་ཆས་ཁྲག་སྒྲིལ་ཐུབ་པས། ཁྲག་ཁམས་གར་པོ་ཡོད་པ་དང་ཁྲག་རྩ་འགག་པའི་ནད་པ་ཚོས་བ་དམ་ཟ་མི་ཉན།
རྒྱུན་གཏན་འཚོ་བའི་ནང་དུ་བ་དམ་སྣུམ་ལ་བརྔོས་ནས་བཟའ་རྒྱུ་དེ་ཞིམ་ཤོས་སུ་བརྩི་བ་ཡིན་ཡང་། དོན་དངོས་ཐོག་བ་དམ་ཆུ་བཙོས་རྒྱབ་པའམ་ཁོག་མའི་ནང་དུ་བསྐོལ་བ་ཡིན་ན་དེའི་ནུས་པ་མ་ཉམས་པའི་སྟེང་མི་ལུས་ལ་འཕྲོད་པོ་ཡོད་དོ།