ཤིང་འབྲས་ཚ་ལུ་མའི་ནང་ཆ་བཟས་ཚར་རྗེས། མི་མང་པོས་པགས་པ་དེ་ལམ་སེང་གད་སྙིགས་ནང་དབྱུག་པའི་གོམས་གཤིས་ཡོད། དོན་དངོས་ཐོག་པགས་པ་དེ་ལའང་སྨན་རྫས་དང་ཆ་མཉམ་པའི་སྤྱོད་མཁོ་ཡོད།
ཀ། རླངས་འཁོར་ནང་གི་བཟི་ཡོམ་སེལ་བ།
རྟག་པར་རླངས་འཁོར་ནང་དུ་བཟི་ཡོམ་རྒྱག་མཁན་ཡིན་ཚེ་། རླངས་འཁོར་ནང་མ་འཛུལ་སྔོན་ལ་ཚ་ལུ་མའི་པགས་པ་གསོས་པ་ལྟེབས་རྩེགས་རྒྱབ་ནས་དེའི་ཞག་ཚི་དེ་སྣ་ཁུང་ནང་དུ་བཙིར་དགོས། དེ་ནས་རླངས་འཁོར་ནང་དུ་ཞུགས་རྗེས་སུ་ཡང་ཚ་ལུ་མའི་པགས་པའི་ཞག་ཚི་དེ་ལན་འགར་སྣ་ཁུང་ནང་དུ་བཙིར་ན་བཟི་ཡོམ་འགོག་པའི་ནུས་པ་ངེས་ཅན་ཡོད།
ཁ། གློ་སེལ་བ།
ཚ་ལུ་མའི་པགས་པ་སྐམ་པོ་དེ་ཆུ་ཡི་ནང་ཅུང་ཟད་བསྐོལ་རྗེས་སྒ་སྐྱའི་ཕྱེ་མ་དང་བུ་རམ་ཏོག་ཙམ་བསྲེས་ནས་འཐུང་དགོས། ཡང་ན་ཚ་ལུ་མའི་པགས་པ་གསོས་པ་ཞིབ་པར་བཏུབ་ནས་ཆུ་འཁོལ་ནང་དུ་སྦངས་རྗེས། བྱེ་མ་ཀ་ར་ཕྲན་བུ་བསྲེས་ནས་འཐུང་ན་ལུད་པ་གོག་པ་དང་གློ་སེལ་བའི་ནུས་པ་ཡོད།
ག ཆང་རག་གི་བཟི་བ་ལས་དྭངས་ཐུབ།
ཚ་ལུ་མའི་པགས་པ་གསོས་པ་ཁེ་30ཙམ་གྱི་ནང་དུ་ཚྭ་ཅུང་ཟད་བླུགས་ནས་ཆུ་ཡི་ནང་དུ་བསྐོལ་རྗེས་བཏུང་ན། ཆང་རག་གི་བཟི་བ་ལས་དྭངས་ཐུབ་པའི་ནུས་པ་ཐོན་པ་ཡིན་ནོ།