དབུ་ཤོག
  • འཚོ་བའི་རྒྱུན་ཤེས་ལ་སྣང་ཆུང་མ་བྱེད། 

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-15

    དེང་སྐབས་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ནས་ཟས་རིགས་ལ་ཆ་བཞག་ན་འབྲུ་རིགས་དང་། ཤ སྣུམ། མངར་ཆ། ཚལ་རིགས་སོགས་རྣམ་གྲངས་ཧ་ཅང་མང་པོ་ཡོད་པ་སོ་སོར་བྲོ་བ་དང་རང་བཞིན་མི་འདྲ་བ་རེ་ཡོད་པ་མ་ཟད། ནུས་པ་ཡང་མི་འདྲ་བ་རེ་ཡོད། དེར་བརྟེན་ང་ཚོས་རྒྱུན་དུ་ཟས་རིགས་སོ་སོའི་རང་བཞིན་དང་ནུས་པ་ཁོང་དུ་ཆུད་པ་བྱས་ནས་ལུས་ཁམས་ལ་འཕྲོད་སྦྱོར་ཆེ་བ་དང་། བཅུད་ཡོད་པ། འཇུ་བདེ་བ་བཅས་ཀྱི་ཟས་སྐོམ་རན་ཚོད་ཟ་བ། ལུས་ཁམས་ལ་‍མི་འཕྲོད་པའི་ཟས་སྐོམ་དང་། འཇུ་མི་བདེ་བའི་ཟས་སྐོམ། ཡང་ན་ཕོག་དུག་ཡོད་པའི་ཟས་སྐོམ་དཔེར་ན། ཆང་དང་། ཨ་རག  སུར་པན་སོགས་ཉུང་ཙམ་ཟ་བ། ལྷག་པར་ཟས་སྐོམ་རྙིང་པ་དང་། རུལ་པ། བཙོག་པ། མ་ཚོས་པ། རྗེན་པ། ནད་ཤི་ཐེབས་པའི་ཕྱུགས་རིགས་ཀྱི་ཤ་སོགས་དེ་བས་བཟའ་རྒྱུ་མེད། གལ་ཏེ་ཁ་ཟས་ཟ་སྟངས་ལ་དོ་སྣང་མ་བྱས་པར་གང་བྱུང་བཟས་པ་ཡིན་ན། ཕོ་བའི་མེ་དྲོད་ཉམས་ནས་ལུས་སྟོབས་ཉམས་པ་དང་། ནད་གཞི་འགོག་པའི་ནུས་པ་ཆུང་དུ་འགྲོ་བ། མ་ཞུ་ཕོ་ནད་སོགས་ཀྱི་ནད་མང་པོ་སློང་བ་མ་ཟད། ཐ་ན་དུག་ཕོག་པ་སོགས་ཀྱི་གནས་ཚུལ་ཡང་ཡོང་སྲིད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།