དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-15

    གཟའ་འཁོར་འདིའི་ནང་རང་ལྗོངས་སུ་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་བསྟན་མང་བ་དང་བྱང་རྒྱུད་དང་ཤར་རྒྱུད་དུ་གངས་སིམ་སིམ་འབབ་རྒྱུ་ཡིན་པ།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་12ཚེས་14ཉིན་ནས་ཟླ་12ཚེས་20ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ་ནག་ཆུའི་དབུས་ཤར་རྒྱུད་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་དུ་འགྲོ་རྒྱུ། གཟའ་ཕུར་བུ་དང་པ་སངས་ལ་མངའ་རིས་བྱང་རྒྱུད་དང་། ནག་ཆུ། ཆབ་མདོ། ཉིང་ཁྲི་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་མཇུག་ཏུ་ཆབ་མདོའི་བྱང་རྒྱུད་དང་ཉིང་ཁྲིར་སྤྲིན་པ་མང་པོ་འཁོར་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ།

    གཉིས། གྲོས་འགོ

    1.གཟའ་འཁོར་འདིའི་ནང་ལྷགས་པ་ཆེན་པོ་རྒྱག་པའི་ཉིན་གྲངས་མང་དུ་འགྲོ་བ་དང་། ཆར་ཆུ་འབབ་ཉུང་བ། གནམ་གཤིས་སྐམ་ཤས་ཆེ་བ། མེ་སྐྱོན་གྱི་ཉེན་ཁའི་རིམ་པ་མཐོ་ཙམ་ཡོད་པས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གྲོང་ཁྱེར་གྱི་ཡུལ་མིས་བདེ་འཇགས་ངང་མེ་སྤྱོད་རྒྱུར་དོ་སྣང་བྱེད་དགོས། ལྷགས་པ་ཆེན་པོའམ་ཡང་ན་བྱེ་རླུང་གིས་འགྲིམ་འགྲུལ་དང་ཁང་པའི་ཕྱི་རོལ་གྱི་སྒྲིག་བཀོད་སོགས་ཐད་ཤུགས་རྐྱེན་ངན་པ་བཟོ་རྒྱུར་དོ་སྣང་བྱེད་དགོས།

    2. ས་བབ་མཐོ་བའི་ས་ཁོངས་སུ་མི་ཕྱུགས་ཀྱི་གྲང་འགོག་དྲོད་སྲུང་ལས་དོན་ཐད་དོ་སྣང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།