དབུ་ཤོག
  • བྱ་སྤུའི་གྱོན་གོས་བཀྲུ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-14

    བྱ་སྤུའི་གྱོན་གོས་རྒྱུན་རིང་གོས་སྒམ་ནང་དུ་བཞག་པས་བམ་དྲི་འཁོར་སླ་པོ་ཡོད། དེའི་ཚེ་སྲིང་བལ་ཏོག་ཙམ་ཨ་རག་ཉིང་ཁུར་སྦངས་རྗེས་གྱོན་གོས་ཀྱི་ཕྱི་ནང་ངོས་གཉིས་ཕྱིས་དགོས་པ་དང་། དེ་ནས་ཨ་ཅོར་རློན་པས་གཙང་ཕྱིས་བརྒྱབ་རྗེས་ཉི་སྐམ་བཏང་ན་འགྲིག བྱ་སྤུའི་གྱོན་གོས་ཐེངས་མང་འཁྲུ་རྒྱུ་མེད་ལ། གལ་སྲིད་ངོས་ཅུང་ཟད་བཙོག་པ་ཆགས་སྐབས། ཨ་ཅོར་ཚ་པོས་ཕྱིས་ན་འགྲིག

    དེ་མིན་ལྟོ་ཆས་ཟ་སྐབས་ཞག་ཚིའི་རིགས་ཀྱིས་བཙོག་པ་ཆགས་ན། སོ་འཁྲུར་སྤྱོད་པའི་སོ་སྨན་ཕྲན་བུ་ཞག་ཚི་འགོས་སར་བཙིར་རྗེས། ཆུ་ཐིགས་ཁ་ཤས་བསྲེས་ནས་སྙོམས་པར་བྱུག་དགོས་པ་དང་དེ་རྗེས་དལ་མོར་མཉེད་དགོས། མཇུག་ཏུ་སོ་སྨན་བྱུག་ས་དེ་ཆུ་བཤལ་གཙང་མ་བཏང་ན་འགྲིག གལ་སྲིད་བྱ་སྤུའི་གྱོན་གོས་ཧྲིལ་པོ་ངེས་པར་འཁྲུ་དགོས་ན། དག་རྫས་ཕྱེ་མ་སྤྱོད་རྒྱུ་མེད་ལ་ཆུའང་ཚ་དྲགས་རྒྱུ་མེད། དེ་བས་ཤུགས་རྒྱབ་ནས་འཕུར་མཉེད་དང་བཅུས་འགྲིམས་རྒྱག་རྒྱུ་མེད་པར་བུལ་ཏོག་ཡི་ཙིས་བཀྲུས་ནས་ཆུ་བཤལ་གཙང་མ་བཏང་ན་འགྲིག

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།