རྒྱ་རྩིས་དཔྱིད་ར་ས་ཕོ་སྟག་ཟླ་ཆེ་བ། ཚེས་11སྦྲུལ་གྱི་ལྔ་ཆ་གཅིག་ནས་རང་ཟླའི་དབུགས་ཐོབ། རང་ལྗོངས་སུ་ཁ་བ་དང་བཅས་གྲང་ངར་ཤེད་ཆེ། ལྷོ་བྱང་འབྲོག་པའི་ཁུལ་དུ་རྨོན་ཕྱུགས་དང་ཁལ་ཕྱུགས་གསོ་ཚགས་ལ་བདག་གཉེར་ཡག་པོ་བྱ་དགོས། ཚེས་13སྦྲུལ་གྱི་ལྔ་ཆ་གསུམ་ནས་རྒྱ་དང་གྲུབ་པའི་དགུན་ཉི་ལྡོག བོད་ན་དགུ་དང་པོ་འདྲེན། ས་བདག་སྐྱས་བྱེད། ལྷ་སར་ཆུ་ཚོད་བརྒྱད་དང་སྐར་མ་ཞེ་དྲུག་ལ་ཉི་མ་ཤར། ཆུ་ཚོད་བཅུ་དགུ་དང་སྐར་མ་གཅིག་ལ་ཉི་མ་བཞུད། དགུ་འདྲེན་པའི་ནང་ཁ་བ་དང་བཅས་གྲང་ན་ཕྱི་ལོ་དབྱར་སྨད་ཆར་ཞོད་དང་། ཡང་ན་གློ་བུར་དུ་གྲང་ངར་དུམ་པར་འཆག་ན་ཕྱི་ལོ་ཐན་པ་ཡོད་ཟེར་བ་སོགས་དགུན་དཔྱད་ལ་གཟིགས་པར་འཚལ། ཚེས་18རྟའི་ལྔ་ཆ་གཉིས་ནས་ཉི་མ་གཞུ་ཁྱིམ་དུ་འབྱོར། ཟླ་བདག་འཇམ། རང་ཟླའི་ཚེས་18ནས་ཕྱི་ཟླའི་ཚེས་18བར་བུམ་སྟོང་ཤར། ཚེས་26ལུག་གི་ལྔ་ཆ་བཞི་པར་དགུན་བར་མའི་རང་སྒང་ཟིན། གཅན་གཟན་གྲ་ལེགས། ཤིན་ཏུ་གྲང་བའི་སྒང་། ཆུ་ཕྲན་སྐམ། རང་ལྗོངས་སུ་ས་ཆུ་འཁྱགས་སྒང་གི་དུས་དེར་སྟོད་བྱང་འབྲོག་པའི་ས་ཁུལ་དུ་ཕྱུགས་ཟོག་དཀར་ནག་ལ་འཁྱགས་སྐྱོན་མི་ཡོང་བ་བྱ་དགོས། ཚེས་6ཡོས་ཀྱི་ལྔ་ཆ་ལྔ་ནས་ཚེས་8གླང་གི་ལྔ་ཆ་གསུམ་བར་དུས་ཚོད་ངན་པ་དགུ་འཛོམས། ཚེས་27ཐོ་རེངས་ཟླ་སྐྱོར་འཛོམས་པས་གཟིགས། ལྔ་ཤར། དགུ་ནུབ། ཟིན་ཕུང་ལྷོ་ནས་བྱང་དུ་བྱ་ཉལ་དུས་རྒྱུ། བྱི་བ་རྫོགས་ནས་ལྡོག ཧལ་ཁྱི་བྱང་སྟོད། འབྲུག་རྗེ་ཐོག་དང་ཐེམ་འོག་ལ་གནས། ཡས་ལམ་ཤར། ནུབ་བྱང་དུ་དུར་མི་འདྲེན། ཕུག་ལུགས་གྲུབ་པའི་ཚེས་7ཆད། ལྷག་མེད། དཔལ་ལྡན་བྱེད་པའི་ཚེས་15ཆད། ཚེས་20ལྷག
སྤྱི་ལ་ཟླ་འདིར་འབྱུང་བ་རླུང་ཁམས་ཤས་ཆེ་བས་ཡུལ་སྤྱིར་ཁ་བའི་འབབ་ཚད་འབྲིང་། རླུང་བུ་ལྡང་། སྒྲ་གཅན་གདོང་བཅས་རླུང་སྐར་སྟེང་སྤྱོད་པས་ཤར་དང་ཤར་ལྷོའི་ཁུལ་ལ་ཁ་རླུང་འཚུབ་པ་མང་། ལྷག་སངས་སྤེན་གསུམ་དང་མཇུག་མ་སོགས་ས་ཆུའི་སྐར་མར་གནས་པ། སངས་མདུན་ལྷག་སྤེན་གྱིས་སྤྱོད་པས་ལྷོ་ནུབ་དང་ནུབ་བྱང་རྒྱུད་ལ་ཁ་རླུང་འཚུབ་པ་དང་རང་བྱུང་གནོད་འཚེར་དོགས།