དབུ་ཤོག>གསར་འགྱུར།
  • “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱིས་མི་འབོར་ཁྲི་1000ས་ཆ་གཞན་ལ་དབུལ་སྐྱོར་གནས་སྤོ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-12-11

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། འཕེལ་སྒྱུར་ཨུ་ལྷན་དང་དབུལ་སྐྱོར་གཞུང་དོན་ཁང་གིས་ནོར་སྲིད་པུའུ་དང་། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ། མི་དམངས་དངུལ་ཁང་སོགས་སྡེ་ཚན་ལྔ་དང་མཉམ་འབྲེལ་ཐོག《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་ཇུས་གཞི》འགྲེམས་སྤེལ་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་ལས་དོན་གྱི་སྤྱིའི་བླང་བྱ་དང་། གནས་སྤོ་བྱ་ཡུལ་དང་བཀོད་སྒྲིག་བྱེད་སྟངས། འཛུགས་སྐྲུན་ནང་དོན་དང་ཁ་གསབ་ཚད་གཞི། མ་དངུལ་གྲབས་གསོག འགན་འཁྲི་ལས་བགོས། སྲིད་ཇུས་འགན་ལེན་སོགས་གསལ་སྟོན་བྱས་པ་མ་ཟད་མི་འབོར་ཁྲི་1000གནས་སྤོ་བྱ་རྒྱུའི་ལས་འགན་ལེགས་གྲུབ་ཡོང་བའི་བརྩོན་ལེན་བྱེད་དགོས་ཞེས་བཏོན་པ་རེད།

    ཇུས་གཞི་གཞིར་བཟུང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མང་ཚོགས་རང་མོས་དང་ཧུར་བརྩོན་བརྟན་པོའི་བྱེད་ཕྱོགས་མཐའ་འཁྱོངས་དང་གྲོང་རྡལ་ཅན་གསར་པ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“ཡུལ་ཞིག་གིས་ཡུལ་དེའི་མི་གསོ་མི་ཐུབ་པའི”ས་ཆར་གནས་སྡོད་བྱེད་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ས་ཆ་གཞན་དུ་གནས་སྤོ་བྱས་ནས་སྲིད་གཞུང་གིས་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་འཇོག་དང་མ་དངུལ་མཉམ་བསྲེས་བྱེད་སྟངས་དང་སྒྲིག་འཛུགས་བྱེད་སྟངས་གསར་གཏོད་བྱེད་པ། རྗེས་མཐུད་ཀྱི་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ། གནས་སྤོས་ཕན་འབྲས་ལ་ལྟ་སྐུལ་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གནས་སྤོ་ཐུབ་པ་དང་། བརྟན་པོ་གནས་ཐུབ་པ། ལས་ཀ་ཡོད་པ། ཕྱུག་འགྱུར་ཐུབ་པ་བཅས་བྱེད་པ་དང་གནས་སྤོ་བྱ་ཡུལ་གང་མགྱོགས་དབུལ་སྒྲོལ་ཐུབ་པ་བྱས་ཏེ་གཞི་རྩའི་ཐོག་ནས་འཚོ་གནས་ཀྱི་གནད་དོན་ཐག་གཅོད་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱ་ཡུལ་གཙོ་བོ་ནི་རི་ཁུག་དང་། རྡོ་རི། མཐོ་གྲང་། བྱེ་རྒོད་ཅན། ཡུལ་ནད་ཐོན་མང་བ་སོགས་འཚོ་གནས་ཀྱི་ཁོར་ཡུག་ཞན་པ་དང་གཞི་རྩའི་འཕེལ་རྒྱས་ཀྱི་ཆ་རྐྱེན་འཛོམས་མེད་པ་དང་དེ་བཞིན་སྣོད་བཅུད་ཁོར་ཡུག་ཞན་པ་དང་གསར་སྤེལ་ཚོད་འཛིན་ནམ་ཡང་ན་འགོག་པའི་གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཡིན་པ་དེའི་ནང་ས་ཡོམ་རྒྱག་མང་བའི་ས་རྒྱུད་དང་དེ་བཞིན་འདམ་རྡོའི་ཆུ་རུད་དང་རི་ཉིལ་སོགས་ས་གཤིས་ཀྱི་གནོད་འཚེའི་འཇིགས་སྐུལ་ཕོག་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་སྔོན་ལ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།