དབུ་ཤོག
  • ངང་ལག་པགས་པའི་ཡ་མཚན་ནུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-10

    ཀ།  གྱོན་གོས་ཕྱིས་ཆོག་པ།

    ངང་ལག་གི་པགས་པས་ཀོ་ལྷམ་དང་ཀོ་བའི་གྱོན་གོས། དེ་བཞིན་ཀོ་བ་ལས་བཟོས་པའི་ཧྲ་ཧྥ་སོགས་ཕྱིས་ན་ཀོ་ཆས་ཀྱི་འོད་དེ་སྲུང་ཐུབ་པས་མ་ཚད་ཀོ་ཆས་སྤྱོད་ཡུན་རིང་དུ་འགྲོ་ཐུབ།

    ཁ། སྨིན་བྱེད་ཀྱི་ནུས་པ་ལྡན་པ།

    ངང་ལག་གི་པགས་པར་མྱུར་དུ་སྨིན་བྱེད་ཀྱི་ནུས་པ་ལྡན་པས་སྨིན་ལ་མ་སྨིན་གྱི་ཤིང་འབྲས་མཉམ་དུ་བཞག་ན་ཤིང་འབྲས་གཞན་རྣམས་མགྱོགས་པར་སྨིན་ཐུབ།

    ག  མེ་ཏོག་ལ་ལུད་སྦྱོར་ཐུབ་པ།

    གལ་སྲིད་ཁྱེད་ཀྱི་ཁང་པའི་ནང་གི་སྣ་མའི་མེ་ཏོག་དེ་སྐྱེ་འཚར་ལེགས་པ་དང་མེ་ཏོག་གང་ལེགས་བཞད་ཐུབ་པ་དགོས་ན། ངང་ལག་གི་པགས་པ་དེ་མེ་ཏོག་ཁོག་མའི་ས་ཡི་ནང་བླུགས་དགོས། རྒྱུ་མཚན་ནི་སྣ་མའི་མེ་ཏོག་ལ་མཁོ་བའི་ལུད་རྒྱུ་དེ་ངང་ལག་གི་པགས་པའི་ནང་དུ་ཡོད།

    ང།  ངོ་གདོང་གི་པགས་པ་གསོ་ཐུབ།

    གལ་སྲིད་ངོ་གདོང་གི་པགས་པ་སྐམ་ཤས་ཅན་ཞིག་ཡིན་ན། ངང་ལག་གི་པགས་པའི་ནང་ངོས་དེ་ངོ་གདོང་ལ་སྦྱར་ནས་སྐར་མ་བཅུ་ཙམ་སོང་རྗེས། ངོ་གདོང་ལ་ཆུ་བཤལ་གཏོང་དགོས། དེས་ཁྱེད་ཀྱི་བྱད་བཞིན་ལ་འོད་མདངས་དང་སྣུམ་ཞག་འཁྱིལ་ཐུབ།

    ཅ།  མཛེར་པ་སེལ་ཐུབ།

    ངང་ལག་གི་པགས་པ་དེ་ལུས་པོའི་མཛེར་པ་ཡོད་སར་ཡུན་རིང་བཀབ་ན་མཛེར་པ་དེ་རིམ་བཞིན་སྙི་མོར་གྱུར་ནས་ག་ལེར་གོག་འགྲོ་གི་ཡོད། ཡིན་ནའང་ངང་ལག་གི་པགས་པ་ཐེངས་མང་སྤྱོད་དགོས་པ་མ་ཟད། མཛེར་པའི་སྒང་དུ་བཀབ་པའི་ངང་ལག་གི་པགས་པ་དེ་མཛུབ་མོས་གནོན་དགོས།

    ཆ། ཟ་འཕྲུག་འཇོམས་ཐུབ།

    ངང་ལག་གི་པགས་པར་འབུ་ཕྲ་འགོག་པའི་ནུས་པ་ཡོད་པ་དེ་ཚོད་ལྟ་ཐེངས་མང་བྱས་པ་ལས་ཤེས་རྟོགས་བྱུང་བ་རེད། དེར་བརྟེན་ནད་འབུས་རྐྱེན་བྱས་པའི་ལུས་པོའི་ཟ་འཕྲུག་དང་ཤུ་བ། རྐང་དྲི་སོགས་སེལ་ཐུབ་པའི་ནུས་པ་ལྡན་ཡོད་པས། ངང་ལག་གི་པགས་པ་དེ་ཟ་འཕྲུག་ལངས་སའམ་ཤུ་བ་ཡོད་སའི་གནས་སུ་འཕུར་ན་ཕན་པ་ཐོན་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།