དབུ་ཤོག
  • བོད་ལུཌ་གསོ་རིག་ལས་ཁ་ཟས་བསྟེན་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-09

    སྤྱིར་ན་ཁ་ཟས་ཟ་ཚོད་རན་པར་བྱ་རྒྱུ་དེ་མིའི་ངལ་རྩོལ་བྱེད་ཤུགས་དང་། ཕོ་བའི་མེ་དྲོད་ཀྱི་ནུས་པ་ཆེ་ཆུང་བཅས་དང་འབྲེལ་བ་ཡོད་པ་མ་ཟད། ཟས་རིགས་འཇུ་བདེ་དང་མི་བདེའི་ཁྱད་པར་ཡང་ཡོད། དེས་ན་ཡག་ཤོས་བྱུང་ན་ཁ་ཟས་ཟ་ཚོད་རན་པར་བྱ་རྒྱུ་དེ་བོད་ལུགས་གསོ་རིག་ལས་བསྟན་པ་ཇི་བཞིན་མི་སོ་སོའི་ཕོ་བ་ཆ་བཞི་ལ་བགོས་ཏེ་ཆ་གཅིག་ཟས་དང་། ཆ་གཉིས་སྐོམ། ཆ་གཅིག་སྟོང་ཆ་སྟེ་རླུང་འགུལ་སྐྱོད་ཀྱི་གནས་སུ་འཇོག་པ་བཅས་བྱས་ན་ལུས་སྟོབས་རྒྱས་ཤིང་འཕེལ་བ་དང་། ལུས་ཁམས་ཡང་ཞིང་ཟས་ཀྱི་དང་ག་བདེ་བ། མིག་ལ་སོགས་པའི་དབང་པོ་རྣམས་གསལ་བ། གཅིན་པ་དང་བཙོག་པ་དུས་ཐོག་ཏུ་དོར་ཐུབ་པ་བཅས་ཡོང་གི་ཡོད།

    དེ་ལྟར་མ་ཡིན་པར་རང་ཉིད་ཀྱི་འདོད་པ་ལྟར་ཞིམ་ཟས་མང་པོ་ཟ་བ་དང་། ཞིམ་པོ་མེད་ན་མ་བཟས་པར་ལྟོ་སྟོང་དུ་བསྡད་ཚེ་ཁ་ཟས་ཉུང་དྲགས་པ་དེས་ལུས་ཀྱི་སྟོབས་མདངས་ཤོར་བ་དང་། མགོ་ཡུ་འཁོར་བ། རྣ་བ་འུར་བ། སྙིང་སྟོབས་ཉམས་པ་སོགས་རླུང་གི་ནད་མང་པོ་སློང་བ་དང་། ཚད་ལས་བརྒལ་ཏེ་ཟས་དྲགས་ན་ཕོ་བའི་མེ་དྲོད་ཀྱིས་འཇུ་མི་ཐུབ་པ་དང་། ཕོ་བར་བེ་སྣབས་འཕེལ་ཏེ་མེ་དྲོད་དང་འཇུ་བྱེད་ཀྱི་ནུས་པ་ཤོར་ནས་ལུས་ཁམས་བདེ་ཐང་ལ་གནོད་པ་ཡོང་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།