རུས་ཇ་རུས་ཐང་འཐུང་བ་ནི་བོད་རིགས་ཚོས་སྔར་ནས་འཚོ་བའི་ཁྲོད་སྤྱོད་མུས་ཡིན་པའི་གོམས་གཤིས་ཤིག་རེད། མི་ཚོས་འབྲི་གཡག་དང་ལུག་གི་ཀེང་རུས་སམ་ཤ་མ་རུས། རྐང་མར་མཉམ་དུ་རྫོགས་ནས་ཐང་བསྐོལ་ཏེ་འཐུང་བ་དེས་ལུས་པོར་ངལ་གསོ་ཐེབས་པ་དང་རླུང་གསོ་བ། གཉིད་སྐྱིད་པོ་ཁུག་པ། ལུས་པོའི་ཤུགས་འཕེལ་གྱི་ཡོད།
བོད་ལུགས་གསོ་རིག་གི་སྨན་གཞུང་ཁག་གཅིག་ནང་དུའང་རུས་ཐང་གི་ཕན་ནུས་ཐད་མགོ་གཟེར་འཇོམས་པ་དང་བློ་རིག་གསལ་བ། མཁལ་གྲུམ་ལ་ཕན་པ། ལུས་ཤེད་འཕེལ་བ་སོགས་ཕན་ནུས་ཤིན་ཏུ་ཆེན་པོ་ཡོད་ལུགས་འཁོད་ཡོད། དེས་ན་མི་ཚོས་རུས་ཇ་རུས་ཐང་འཐུང་བའི་གོམས་གཤིས་བཟང་པོ་མི་དོར་བར་རུས་ཐང་བསྐོལ་ནས་འཐུང་བའམ་རུས་ཐང་གི་ཐུག་པ་བསྐོལ་ནས་འཐུང་བ་བཅས་ནི་ཚན་རིག་དང་མཐུན་པའི་ལུས་གསོའི་བདེ་སྲུང་འཕྲོད་སྦྱོར་ཡག་པོ་ཞིག་ཡིན། འོན་ཀྱང་རུས་ཐང་དུ་སྤྱོད་པའི་རུས་པ་སོས་པ་འདེམས་སྤྱོད་བྱེད་པ་ལས་རུས་པ་རྙིང་པའི་རིགས་དོར་དགོས་པ་ཡིད་འཇོག་བྱེད་དགོས།