དབུ་ཤོག>གསར་འགྱུར།
  • མི་འབོར་ན་རྒས་ཅན་གྱིས་རང་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་འགྲན་སློང་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-12-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱི་ལོ60ཡན་གྱི་རྒན་རྒོན་དུང་ཕྱུར2.12ཡོད་པ་དང་། མི་འབོར་གྱི་གཞི་གྲངས་ཆེ་བ་དང་འཕེལ་རྒྱས་མགྱོགས་པ། ན་རྒས་ཅན་གྱི་སྣང་ཚུལ་ཚབས་ལྕི་བ་བཅས་ཀྱི་ཁྱད་ཆོས་མངོན་ཡོད་པས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་འགྲན་སློང་བྱས་ཡོད། ད་ཡོད་ཀྱི་མི་འབོར་གྱི་གནས་ཚུལ་ལ་དམིགས་ནས་རིགས་གཅིག་མཁས་དབང་གིས་སྨན་བཅོས་འཕྲོད་བསྟེན་སྒྱུར་བཅོས་འཕེལ་རྒྱས་མགྱོགས་སུ་བཏང་ནས་རྒན་རྒོན་གྱི་སྨན་བཅོས་འགན་ལེན་སྲིད་ཇུས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། བདེ་ཐང་དོ་དམ་གྱི་མ་ལག་འཐུས་ཚང་དུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།

    ཚེས3ཉིན་འཚོགས་པའི་ཀྲུང་གོའི་འཕྲོད་བསྟེན་དཔལ་འབྱོར་སློབ་ཚོགས་ཀྱི་ལོ་ཚོགས་ཐེངས་བཅོ་བརྒྱད་པའི་ཐོག་ཀྲུང་གོའི་ན་རྒས་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཏང་ཅུན་ཝུའུ་ཡིས་2053ལོར་སླེབས་སྐབས་ཀྲུང་གོའི་ན་རྒས་མི་འབོར་དེ་སྔོན་རྩིས་བྱས་ན་དུང་ཕྱུར4.87ལ་ཟིན་རྒྱུ་ཡིན་པས་དེ་མཚུངས་ཀྱི་འཕྲོད་བསྟེན་གྱི་སྤྱིའི་གྲོན་དངུལ་དེ་ད་ཡོད་ཀྱི་བཅུ་ཆ་བཞི་ནས་བཅུ་ཆ་དྲུག་པར་མང་དུ་འགྲོ་རྒྱུ་ཡིན་པ་རེད།

    བསྡོམས་རྩིས་ལ་གཞིགས་ན། མིག་སྔར་རང་རྒྱལ་གྱི་ལོ60ཡན་གྱི་རྒན་རྒོན་མི་འབོར་གྱིས་སྤྱིའི་མི་འབོར་གྱི15.5%བཟུང་བའི་ནང་གྲངས་འབོར་ཧ་ཅང་མང་བའི་རྒན་རྒོན་ལ་གཅོང་ནད་ཕོག་ཡོད་པ་དང་རྒན་རྒོན་ཁྲི4000ཙམ་ནུས་པ་ཉམས་པ་དང་ཁག་གཅིག་ནུས་པ་ཤོར་ཡོད། རྒན་རྒོན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་རེད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་པུའུ་ཡི་པུའུ་ཀྲང་ཀེ་ཡན་ཕུང་གིས་ན་རྒས་ཅན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་འགྲན་སློང་བྱས་པར་ངོས་འཛིན་གསལ་པོ་ཡོང་བ་བྱེད་དགོས་ལ་བདེ་ཐང་དོ་དམ་གྱི་གནས་བབ་དང་གནོན་ཤུགས་དྲག་པོར་ཁ་གཏད་གཅོད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་སྟེ་གཅིག་ནི་བདེ་ཐང་གི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་སྟེ་ནད་གཞི་ཐོན་ཚད་དང་ལྷག་པར་དུ་གཅོང་ནད་ཐོན་ཚད་ཉུང་དུ་གཏོང་དགོས་པ། གཉིས་ནི་བདེ་ཐང་གི་དོ་དམ་ནུས་པ་ཆེ་རུ་བཏང་སྟེ་ཞབས་ཞུའི་རྣམ་པ་འཐུས་ཚང་དུ་གཏོང་དགོས་པ། གསུམ་ནི་སྐབས་བསྟུན་གྱི་ལག་རྩལ་ལམ་བུ་འདེམས་རྒྱུར་མཐོང་ཆེན་བྱས་ནས་རྒན་རྒོན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཕན་འབྲས་ཆེ་རུ་གཏོང་དགོས། བཞི་ནི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་མི་འདྲ་བས་དེ་བས་ནུས་ལྡན་ངང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ལྔ་ནི་འཕྲོད་བསྟེན་ཆེན་པོ་དང་བདེ་ཐང་ཆེན་པོའི་འདུ་ཤེས་འཛུགས་དགོས་པ་དང་འབྲེལ་ཕྱོགས་བསྡུས་རང་བཞིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་མ་ལག་འཛུགས་པ་བརྒྱུད་འགན་ལེན་བྱེད་དགོས་པ་བཅས་རེད་ཅེས་བསྟན་པ་རེད།

    ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་བྱས་ཏེ་དམངས་ལ་ཕན་པ་བསྐྲུན་པ།

    ཡུས་ཀྲུང་རྫོང་ཀན་ཚའོ་ཏེན་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་འདེབས་འཛུགས་དང་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ས་གནས་དེ་གས་ཞིང་པ་དེའི་ནང་ཞུགས་རྒྱུར་ལྕག་སྐུལ་བྱས་པ་མ་ཟད། མ་དངུལ་དང་ལག་རྩལ་གྱི་ཐོག་ནས་རོགས་རམ་བྱས་ཏེ་སྔོ་གཟན་མ་རྨོས་ལོ་ཏོག་འདེབས་འཛུགས་དང་ནོར་ལུག་གསོ་སྤེལ་དེ་མཉམ་ལས་ཁང་གི་སྤྱིའི་གཉེར་སྐྱོང་ནང་བཅུག་པས་མཐའ་སྐོར་གྱི་ཞིང་དུད་3000ལྷག་ཙམ་ལ་སྣེ་ཁྲིད་ཐུབ་ཡོད། ཀན་སུའུ་ཞིང་ཆེན་ཡུས་ཀྲུང་རྫོང་གིས་ས་གནས་དེ་གའི་ཁྱད་ཆོས་གཞིར་བཟུང་ཐོན་ལས་ཅན་དང་མཉམ་ལས་ཁང་ཅན་འཕེལ་རྒྱས་གཏོང་བ་དང་ཐོན་ལས་དབུལ་སྐྱོར་དང་གནད་སྨིན་དབུལ་སྐྱོར་བྱས་པས་དམངས་ལ་ཕན་པ་ཐོབ་ཅིང་། འདི་ནི་ཀན་ཚའོ་ཏེན་གྲོང་རྡལ་ཞན་ཧྲུའེ་ཁྲ་གྲོང་ཚོའི་གྲོང་རྡལ་གྱི་ཞིང་གླིང་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་ནང་ཞུགས་པའི་ཞིང་པ་ལི་ཁྲུན་ལིན་གྱིས་རང་ཁྱིམ་གྱི་ཕྱུགས་ཚང་ནང་ལུ་གུར་གཡོག་བྱེད་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།