གཟའ་འཁོར་འདིའི་ནང་རང་ལྗོངས་སུ་ཆར་ཆུ་འབབ་ཉུང་བ་དང་དྲོད་ཚད་འཕར་ཆག་ཆེ་བ།
གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་12ཚེས་7ཉིན་ནས་ཟླ་12ཚེས་13ཉིན་བར)
གཟའ་ཟླ་བར་ནག་ཆུའི་ཤར་རྒྱུད་དང་ཆབ་མདོའི་བྱང་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་དུ་འགྲོ་རྒྱུ། གཟའ་མིག་དམར་ནས་ཕུར་བུ་བར་ནག་ཆུའི་དབུས་ཤར་རྒྱུད་དང་ཆབ་མདོའི་བྱང་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཁུལ་གཞན་དག་ལ་གནམ་དྭངས་བ་ནས་སྤྲིན་པ་ཉུང་ཙམ་འཁོར་རྒྱུ། གཟའ་མཇུག་ཏུ་ནག་ཆུའི་དབུས་ཤར་རྒྱུད་དང་། ཆབ་མདོའི་བྱང་རྒྱུད། ཉིང་ཁྲི་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ།
གཉིས། གྲོས་འགོ
1.གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་དབུས་ཤར་རྒྱུད་ཀྱི་ས་ཆ་ཁག་གཅིག་ལ་གངས་གསོག་ཐེབས་ཡོད་པས་འབྲོག་ལས་དང་འགྲིམ་འགྲུལ་གཉེར་སྐྱོང་ཐད་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་དོགས་ཟོན་བྱེད་དགོས།
2.ལྷགས་པ་ཆེན་པོ་རྒྱག་པ་ལས་འགྲིམ་འགྲུལ་དང་ཁང་ཕྱིའི་སྒྲིག་ཆས་ཐད་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་དོགས་ཟོན་བྱེད་དགོས།