དབུ་ཤོག
  • ཟུག་འཇོམས་སྨན་ལ་བློས་འགེལ་མི་རུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-07

    ཡུན་རིང་ཕོ་བར་ན་ཟུག་རྒྱག་པ་ནི་ཕོ་བ་སྨུག་པོའི་མངོན་གསལ་གྱི་ནད་རྟགས་ཤིག་རེད། མི་མང་པོས་ཕོ་བར་ན་ཟུག་རྒྱག་སྐབས་རྒྱུན་དུ་ཟུག་འཇོམས་སྨན་ཟ་བའི་གོམས་གཤིས་ཡོད། ཡིན་ནའང་ཕོ་བ་སྨུག་པོའི་ནད་པས་ཟུག་འཇོམས་སྨན་ཡུན་རིང་བསྟེན་དྲགས་ཚེ་ནད་གཞི་ལྕི་རུ་འགྲོ་ཉེན་ཡོད་ལ་ཚབས་ཆེ་བར་ཕོ་བ་ནས་ཁྲག་ཐོན་ཉེན་ཡོད། ཕྱི་ལུགས་གསོ་རིག་སྨན་པས་ངོས་འཛིན་བྱས་པར། སྨན་རྫས་མང་ཆེ་བས་ཕོ་བར་ཚད་གཞི་མི་འདྲ་བའི་ཕོག་ཐུག་ཡོད་རྐྱེན་ཟུག་འཇོམས་སྨན་གང་བྱུང་དུ་ཟ་མི་ཉན་ཞེས་བཤད། ད་ཆའི་ཁྲོམ་རའི་ནང་གི་ཟུག་འཇོམས་སྨན་གྱིས་མགོ་བོ་ན་བ་དང་སོ་ན་བ། རུས་ཚིགས་ན་བ་སོགས་ལ་གཉན་ཁ་སེལ་ཞིང་ན་ཟུག་འཇོམས་པའི་ནུས་པ་ཡོད་ཀྱང་། ཕོ་བའི་ན་ཟུག་ལ་ཕན་པ་ཐོན་རྒྱུ་དེ་ཙམ་མེད་པར་དེ་བས་ཕོ་བའི་ནང་ངོས་སྐྱི་ལྤགས་ཀྱི་རྩི་ཁ་ཞུད་དེ་ཁྲག་ཐོན་པའམ་སྨུག་པོ་ནད་ལོག་རྒྱག་པའི་ཉེན་ཁ་ཆེན་པོ་ཡོད། དེས་རྐྱེན་པས་ཕོ་བའི་ནད་གཞི་དེ་ཚད་ལྡན་གྱི་སྨན་ཁང་དང་ཉམས་མྱོང་ཅན་གྱི་སྨན་པ་བསྟེན་དགོས་པ་ལས་ཟུག་འཇོམས་སྨན་ལ་བློས་འགེལ་མི་རུང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།