དབུ་ཤོག>གསར་འགྱུར།
  • ད་ལོ་བོད་ལྗོངས་ཀྱི་དབུལ་སྐྱོར་འགག་སྒྲོལ་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-12-07

    སྤྱི་ལོ་2015ལོར་རང་ལྗོངས་ཀྱི་དབུལ་སྐྱོར་འགག་སྒྲོལ་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས།   ལྗོངས་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་འཕར་ཚད་དེ།  ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཆ་སྙོམས་ཡོང་འབབ་འཕར་ཚད་ལས་བརྒྱ་ཆའི་གྲངས་གསུམ་གྱིས་མཐོ་བ་དང་།  ལྗོངས་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་ཁྲི་ཚོ་41.4དབུལ་སྒྲོལ་ཐུབ་ཞིང་།  དབུལ་ཕོངས་ཐོན་ཚད་སྤྱི་ལོ་2010ལོའི་བརྒྱ་ཆ་49ནས་བརྒྱ་ཆ་32བར་ཆག་སྟེ།  དབུལ་ཕོངས་མི་འབོར་ཉུང་དུ་དང་དབུལ་ཕོངས་ཐོན་ཚད་དམའ་རུ་ཕྱིན་ཡོད།

    ལོ་ལྔ་ཚན་བཅུ་གཉིས་པའི་རིང་རང་ལྗོངས་ཀྱི་དབུལ་སྐྱོར་ཆེད་དོན་མ་འཇོག་འཕར་སྣོན་ཆེན་པོ་བྱུང་བ་དང་།  རྒྱལ་ཁབ་ཀྱི་དབུལ་སྐྱོར་ཐད་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་74.2ལྷག་ཟིན་པའི་ནང་འཆར་འགོད་མ་འཇོག་གི་བརྒྱ་ཆ་172ལེགས་སྒྲུབ་ཟིན་ཡོད།  དེང་སྐབས་རང་ལྗོངས་སུ་གཞི་རྩའི་ཆ་ནས་རང་སྐྱོང་ལྗོངས་ཀྱིས་འགན་གཙོ་བོ་འཁུར་བ་དང་།  ས་ཁུལ(གྲོང་ཁྱེར)གྱིས་ཐད་ཀར་དོ་དམ་བྱེད་པ།  རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པ།  ཤང་གྲོང་རྡལ་གྱིས་ཆེད་དོན་ལས་ཀ་བྱེད་པ་བཅས་ཀྱི་དབུལ་སྐྱོར་དོ་དམ་སྒྲིག་གཞི་བཙུགས་པ་དང་།  མི་ལ་མིང་ཐོ་ཡོད་པ་དང་།  དུད་ཚང་ལ་གཱ་ཡོད་པ།  གྲོང་ཚོར་ཐོ་དེབ་ཡོད་པ།  ཤང་ལ་རྩིས་ཕྲ་ཡོད་པ།  རྫོང་ལ་གློག་རྡུལ་ཡིག་ཚགས་ཡོད་པ།  ས་ཁུལ(གྲོང་ཁྱེར)ལ་ལས་སྟེགས་ཡོད་པ།  རང་སྐྱོང་ལྗོངས་ལ་གྲངས་གཞིའི་མཛོད་ཡོད་པ་བཅས་ཀྱི་དབུལ་ཕོངས་མི་འབོར་གྱི་གནས་ཚུལ་དོ་དམ་མ་ལག་སྤྱིར་ན་གྲུབ་ཡོད།

    རང་ལྗོངས་ཀྱིས་དབུལ་སྐྱོར་རྩལ་ནུས་སྦྱོང་བརྡར་གྱི་འབྲེལ་ཡོད་ལས་དོན་ཧུར་ཐག་སྤེལ་ནས།  ཞིང་འབྲོག་མང་ཚོགས་རང་ངོས་ཀྱི་གོང་འཕེལ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་།  རྩལ་ནུས་སྦྱོང་བརྡར་གྱི་ཁ་གསབ་ཚད་གཞི་མཐོ་རུ་བཏང་ནས།  དབུལ་ཕོངས་ཁྱིམ་ཚང་གི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་ཐོན་ནས།  མུ་མཐུད་སློབ་གྲྭར་སྐྱོད་མ་ཐུབ་པའི་ངལ་ནུས་ལྷག་འཕྲོའི་ཡོན་ཚད་སྦྱོང་བརྡར་དང་།  གཞོན་ནུ་དང་དར་མར་རྩལ་ནུས་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་བཏང་བ།  སྦྱོང་བརྡར་གྱི་དུས་ཚོད་རིང་དུ་གཏོང་བ་དང་མངག་ཉོའི་རྣམ་པ་དང་ལས་ཞུགས་རྣམ་པ།  སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་སོགས་ཀྱི་སྦྱོང་བརྡར་བྱེད་སྟངས་སྐུལ་སྤེལ་གཏོང་བ་དང་།  ལོ་ཧྲིལ་པོར་མ་དངུལ་སྒོར་ཁྲི་ཚོ་450བཏང་ནས།  འབྲིང་རིམ་ལས་རིགས་ཀྱི་ཡོན་ཚད་ལེན་མཁན་མི་300སྦྱོང་བརྡར་སྤྲད་པ།  མ་དངུལ་སྒོར་ཁྲི་ཚོ་500བཏང་ནས།  ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་སྦྱོང་བརྡར་རྣམ་གྲངས་17ལག་བསྟར་བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།