དབུ་ཤོག
  • བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་དང་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-07

    232100_yis_1449378813253.jpg

    འདི་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ལས་དོན་མི་སྣས《ཁྲིམས་ལུགས་ཚགས་པར》སྤྲོད་པའི་གནས་ཚུལ་ཡིན་པ།

    ཚེས་4ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ཁྲིམས་འཛིན་ཐིང་། ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་བཅས་ཀྱིས་ལྷ་ས་གྲོང་ཁྱེར་དང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཞུའེ་ཀོང་བྱེད་སྒོར་ཕེབས་པ་རེད།

    ད་ལོའི་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གྱིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། འཕེལ་རྒྱས་མཉམ་སྤྱོད་བཅས་ལ་སྐུལ་མ་གཏོང་དགོས”ཞེས་པ་དེ་ཡིན། ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་པ་དང་། ཁྲིམས་སྐྱོང་གི་དགོངས་དོན་སྤེལ་བ། རྩ་ཁྲིམས་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། བཅའ་ཁྲིམས་ཀྱི་མདུན་དུ་སྤྱི་དམངས་ཚང་མ་འདྲ་མཉམ་ཡིན་པའི་འདུ་ཤེས་ཟབ་ཏུ་དང་། ཁེ་དབང་དང་འོས་འགན་གཅིག་མཐུན་གྱི་ལྟ་ཚུལ་ཆེ་རུ་ཟམ་མི་ཆད་པར་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལྟ་ཚུལ་བརྟན་པོར་འཛུགས་པ་དང་རང་རྟོགས་ངང་ལག་བསྟར་བྱེད་པ་བཅས་ཀྱི་ཐོག་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་གཞི་རྩའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་ལ་སྐུལ་མ་བཏང་བ་རེད།

    རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ནི“དྲུག་ལྔ”བཅའ་ཁྲིམས་ཁྱབ་གདལ་འཆར་འགོད་ལག་བསྟར་གྱི་མཇུག་བསྡུ་བའི་ལོ་ཡིན། ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་ནང་རྩ་ཁྲིམས་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས། རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ཁྲིམས་སྲོལ། བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ། འཇིགས་སྐུལ་ངོ་རྒོལ་དང་སྔོན་འགོག་གི་ཤེས་བྱ། རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་བཅུ་བཅས་དྲིལ་བསྒྲགས་ནང་དོན་གཙོ་བོར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།