དབུ་ཤོག>གསར་འགྱུར།
  • གཞིས་རྩེས་ཐབས་ལམ་རྒྱ་ཆེར་བཏང་ནས་ལས་ཞུགས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-07

    འདི་ལོ་ཚུན་གཞིས་རྩེ་གྲོང་ཁྱེར་གྱིས“དམ་འཛིན་བྱེད་གཞི་དྲུག”གཙོ་གནད་དུ་བྱས་ནས་བྱེད་ཐབས་དོན་འཁྱོལ་ཏན་ཏིག་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་དོན་སྤེལ་རྒྱུར་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད།

    རྩལ་ནུས་གསོ་སྦྱོང་དམ་འཛིན་བྱེད་གཞིར་བྱས་ནས་ལས་ཞུགས་རྩལ་ནུས་ཆུ་ཚད་མཐོ་རུ་བཏང་བ། ཟླ་དགུ་པའི་ཟླ་མཇུག་བར “4·25”ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་གསོ་སྦྱོང་བྱ་རྒྱུ་གཙོ་བོར་བྱེད་པ་དང་། གྲོང་ཁྱེར་དེ་ཡོངས་ཀྱིས་རླངས་འཁོར་གཏོང་སྟངས་དང་། ལྡུག་འཁོར་གཏོང་སྟངས། རྐོ་འདྲུའི་འཕྲུལ་འཁོར། ཐང་ག་འབྲི་སྟངས། ཤད་མ་འཐག་སྟངས། ཀོ་ཆས་བཟོ་སྟངས། བོད་ཟས་མ་བྱེན་སོགས་རིགས་20ལྷག་ཙམ་ཚུད་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཁག་ཐེངས་76གཉེར་བ་དང་མི་6872གསོ་སྦྱོང་བྱས་ནས་ལོ་འགོའི་དམིགས་ཚད་ལས་འགན་གྱི་104%ལེགས་སྒྲུབ་བྱས་ཡོད། གནོད་འཚེ་ཕོག་མཁན་མང་ཚོགས་ཀྱི་ཁག་དང་པོའི་གསོ་སྦྱོང་ལ་དམིགས་ནས་མང་ཚོགས་2638རླངས་འཁོར་གཏོང་སྟངས་དང་། ལྡུག་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར་གཏོང་སྟངས། ཤིང་བཟོ། རི་མོ་འབྲི་སྟངས་སོགས་རིགས་10གཙོ་བོར་བྱེད་པའི་གསོ་སྦྱོང་ནང་ཞུགས་པ་དང་། ཁག་གཉིས་པའི་གནོད་འཚེ་ཕོག་ཁུལ་གྱི་རྩལ་ནུས་གསོ་སྦྱོང་ཡང་འཆར་གཞི་བཞིན་ལག་བསྟར་བྱེད་འགོ་བཙུགས་ཡོད།

    སྤྱི་པའི་ཞབས་ཞུ་དམ་འཛིན་བྱེད་གཞིར་བྱས་ནས་ལས་ཞུགས་སྟེགས་བུ་བརྟན་དུ་བཏང་བ། ཟླ་9པའི་ཟླ་མཇུག་བར་གྲོང་ཁྱེར་དེ་ཡོངས་ཀྱིས་ལས་རིགས་ངོ་སྤྲོད་ཚོམས་ཆེན་ནང་ཐོ་འགོད་མཁན་ལས་ཀ་འཚོལ་མཁན་མི་གྲངས་5109དང་། ལས་རིགས་མཛུབ་ཁྲིད་པ་7983ལས་རིགས་ངོ་སྤྲོད་པ་7120ལས་རིགས་ངོ་སྤྲོད་ལེགས་སྒྲུབ་བྱས་ཚད་མི་གྲངས་3502བཅས་ཟིན་ཡོད། དེ་དང་ཆབས་ཅིག་འབྲེལ་ཡོད་སྡེ་ཚན་གྱིས་2015ལོའི“དཔྱིད་རླུང་བྱ་སྤྱོད”ཀྱི་ཆེད་དོན་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི“དཔྱིད་རླུང་གཱ”སོགས་དྲིལ་བསྒྲགས་ཡིག་ཆ་1700ལྷག་ཙམ་རིན་མེད་ངང་སྤྲད་ཡོད། གྲོང་ཁྱེར་དུ་ཡོང་ནས་ལས་མི་བྱེད་མཁན་མི་ཐེངས་1500ལ་རིན་མེད་ངང་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་ཡོད། དུས་ཐེངས་ལྔའི་ངལ་ནུས་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཐེངས་5གཉེར་བ། དྲིལ་བསྒྲགས་དཔྱད་གཞི་6149སྤྲད་པ། མི་4693ལ་ལས་རིགས་མཛུབ་སྟོན་བྱས་པ། ལས་ཀ་འཚོལ་མཁན4285ཟིན་པ་བཅས་བྱུང་ནས་ལས་ཞུགས་འདོད་མོས་མཁན་3916ཙམ་ཟིན་ཡོད་པ་རེད།

    ངལ་ནུས་ཕྱིར་གཏོང་དམ་འཛིན་བྱེད་གཞིར་བྱས་ནས་གྲོང་གསེབ་ཀྱི་ངལ་ནུས་གཞན་སྒྱུར་ལས་ཞུགས་ལ་སྐུལ་འདེད་བཏང་བ། གྲོང་ཁྱེར་དེ་ཡོངས་ཀྱིས་ལ་ལྷོ་ཆུ་ཡུར་དང་། གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་སོགས་གཙོ་གནད་རྣམ་གྲངས་དང་དེ་བཞིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་གང་ལེགས་སྤྱོད་པ་དང་། རྫོང(ཆུས)ཁག་གི་འགན་འཁྲི་ཁ་གསལ་དང་ཇུས་འགོད་འཐུས་ཚང་དུ་གཏོང་རྒྱུར་སྐོང་འཐེན་བྱེད་པ། ཞིང་འབྲོག་པའི་ཨར་ལས་དཔུང་ཁག་གཞི་རྩའི་འཛུགས་སྐྲུན་ཁྱབ་ཁོངས་ནང་རྒྱ་ཁྱབ་ངང་ཞུགས་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱེད་པ་བཅས་བྱས་ནས་ངལ་ནུས་ཕྱིར་གཏོང་ལས་དོན་བདེ་བླག་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    སྤུས་རྟགས་གཏོད་རྒྱུ་དམ་འཛིན་བྱེད་གཞིར་བྱས་ནས་ས་ཆ་དེ་རང་དུ་ལས་ཞུགས་དང་ལས་གཏོད་བྱ་རྒྱུར་སྐུལ་འདེད་བཏང་བ། རང་སྐྱོང་ལྗོངས་རིམ་པའི་ངལ་ནུས་སྤུས་རྟགས་ཏེ་ས་སྐྱ་རྫོང་གི་ཐང་ག་བཞེངས་སྟངས་དང་ཁང་དམར་རྫོང་གི་རྡོ་ཆས་ལས་སྣོན་ཞིབ་ཚགས་བྱ་རྒྱུ་འདེགས་སྐྱོར་དུ་བྱེད་པ་དང་གྲོང་ཁྱེར་རིམ་པའི་ངལ་ནུས་སྤུས་རྟགས་ཏེ་པ་སྣམ་གྱི་སྟོད་ལྷེ་དང་ཁ་དཀྲིས་འཐག་རྫས་དང་། རྒྱལ་རྩེའི་ཤད་མ། གཏིང་སྐྱེས་ཀྱི་སྨྱུག་སླས་སོགས་གཞི་རྟེན་དུ་བྱས་ནས་གྲོང་ཁྱེར་དེས་དམིགས་སའི་རང་བཞིན་ལྡན་པའི་གསོ་སྦྱོང་སྤེལ་བ་དང་ཞིང་འབྲོག་པ་མང་ཚོགས་ས་ཆ་དེ་རང་དུ་ལས་ཞུགས་དང་ལས་གཏོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་བསམ་སྒྲུབ་རྩེ་ཆུས་སྐྱེད་ཚལ་འདེབས་འཛུགས་དང་བཞད་མཐོང་སྨོན་རྫོང་གི་ཀོ་ཆས་ལས་སྣོན་དཔེ་སྟོན་རྟེན་གཞི་གཉིས་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ལེགས་ཆ་འཕེལ་རྒྱས་དང་། མི་མངོན་པའི་ནུས་པ་འདོན་སྤེལ། ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་དོན་ཡག་པོ་དང་ཏན་ཏིག་བསྒྲུབས་ཡོད་པ་རེད།

    རྩལ་ནུས་གསལ་འབྱེད་བྱ་རྒྱུ་དམ་འཛིན་བྱེད་གཞིར་བྱས་ནས་ལས་ཞུགས་ཐོབ་ཐང་མཐོ་རུ་བཏང་ཡོད། གཅིག་གྱུར་གསལ་འབྱེད་དང་། ས་གནས་ས་ཐོག་ཏུ་གསལ་འབྱེད། ཆེད་དོན་གསལ་འབྱེད་བཅས་བྱེད་ཐབས་སྣ་ཚོགས་བརྒྱུད་ཟླ་དང་པོ་ནས་དགུ་པའི་བར་གྲོང་ཁྱེར་དེ་ཡོངས་ཀྱིས་མི་1423ལ་ལས་རིགས་རྩལ་ནུས་གསལ་འབྱེད་བྱས་ནས་ཚད་ལོན་ཚད་98%ཟིན་ཡོད། རྩལ་ནུས་གསལ་འབྱེད་བྱས་པ་བརྒྱུད་གསོ་སྦྱོང་སློབ་མར་རྒྱལ་ཁབ་ཀྱི་གཅིག་གྱུར་འོས་བབ་ལག་ཁྱེར་རག་ནས་ལས་ཞུགས་རྨང་གཞི་བརྟན་དུ་དང་དངུལ་སྨར་ཡོང་འབབ་མང་དུ་ཕྱིན་ཡོད་པ་རེད།

    ཆེད་དོན་ཞིབ་བཤེར་བྱ་རྒྱུ་དམ་འཛིན་བྱེད་གཞིར་བྱས་ནས་ལས་ཞུགས་མ་དངུལ་བདེ་འཇགས་ལ་འགན་ལེན་བྱས་པ། གྲོང་ཁྱེར་དེ་ཡོངས་ཀྱིས་ཆེད་དོན་ལས་དོན་ཚོགས་ཆུང་གྲུབ་ནས་རྫོང(ཆུས)18དུ་བསྐྱོད་དེ་ལས་ཞུགས་ལས་དོན་སྤེལ་ཚུལ་དང་མ་དངུལ་སྤྱད་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དང་འབྲེལ། འདི་ལོའི་ཟླ་4ཚེས་21ཉིན་རྫོང(ཆུས)18ཀྱི་འགན་ཁུར་བློ་མཐུན་སྐོང་བསྡུ་བྱས་ནས་ལས་ཞུགས་མ་དངུལ་ཐད“ཆེད་དངུལ་ཆེད་སྤྱོད”དང་། མཚམས་ཐིག་ལས་མི་བརྒལ་བ། ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་བཅས་བྱས་ནས་བདེ་འཇགས་ལས་དོན་ལ་སླར་ཡང་ནན་བཤད་དང་བཀོད་སྒྲིག་བྱ་རྒྱུའི་འགན་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།